ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་འགྲེམ་སྟོན་འདུ་ཚོགས་སྐབས་དང་པོར་ཞུགས་པའི་ཕྱི་རྒྱལ་ཁེ་ལས་ཀྱི་འཐུས་ཚབ་པར་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20181106094526XHO0.jpg

ཟླ11པའི་ཚེས5ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧེ་ནས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་འགྲེམ་སྟོན་འདུ་ཚོགས་སྐབས་དང་པོར་ཞུགས་པའི་ཕྱི་རྒྱལ་ཁེ་ལས་ཀྱི་འཐབ་ཚབ་པར་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་ལྔ་ཉིན་ཧྲང་ཧེ་ནས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་འགྲེམ་སྟོན་འདུ་ཚོགས་སྐབས་དང་པོར་ཞུགས་པའི་ཕྱི་རྒྱལ་ཁེ་ལས་ཀྱི་འཐབ་ཚབ་པར་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་ཁེ་ལས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་འགྲེམ་སྟོན་འདུ་ཚོགས་སྐབས་དང་པོར་ཞུགས་པར་དགའ་བསུ་ཞུས། ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོས་བཅོས་སྒྱུར་སྒོ་འབྱེད་བྱས་ཏེ་ལོ་འཁོར་བཞི་བཅུ་ལོན་པའི་ལོ་ཡིན། ལོ་བཞི་བཅུའི་རིང་ལ། ཀྲུང་གོ་དང་འཛམ་གླིང་བར་གྱི་འགྲོ་འོང་དང་མཉམ་ལས་ཉིན་རེ་བཞིན་ཇེ་ཟབ་ཏུ་སོང་ཡོད། ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་མིའི་རིགས་ཀྱི་ལས་སྐལ་གཅིག་པའི་ཐུན་མོང་ཚོགས་པ་བསྐྲུན་བཞིན་ཡོད། ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་མཚམས་འཇོག་མི་སྲིད་ལ། ཀྲུང་གོའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་སྒོ་ཆེན་ཆེ་ནས་ཆེ་རུ་འབྱེད་རྒྱུ་ཡིན། ང་ཚོས་སྒོ་འབྱེད་ཀྱི་སྲིད་ཇུས་རབ་དང་རིམ་པ་བཏོན་ཟིན་པ་དང་འདོན་རྒྱུ་ཡིན་ལ། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་འགྲེམ་སྟོན་འདུ་ཚོགས་བསྡུ་བ་ནི་དེའི་ནང་གསེས་ཤིག་ཡིན། ཕྱི་ཕྱོགས་མཉམ་ལས་ཟབ་སྤེལ་བྱེད་པའི་བརྒྱུད་རིམ་ཁྲོད་དུ་བྱུང་བའི་གནད་དོན་དག་ལ་ང་ཚོས་རི་ལ་འཕྲད་ན་ལམ་ལས་པ་དང་ཆུ་ལ་ཐུག་ན་ཟམ་པ་འཕེན་པའི་སྙིང་སྟོབས་བཅངས་ནས། བཅོས་སྒྱུར་སྒོ་འབྱེད་ཀྱི་ཁྲོད་དུ་ཐག་གཅོད་རྒྱུ་ཡིན་པ་དང་། གསར་སྤེལ་མདུན་སྐྱོད་ཀྱི་ཁྲོད་ནས་གཙང་སེལ་བྱེད་རྒྱུ་ཡིན། ཀྲུང་གོས་མུ་མཐུད་དུ་ཕྱི་རྒྱལ་གྱི་ཁེ་ལས་ཀྲུང་གོར་དངུལ་གཏོང་ལས་སྐྲུན་བྱེད་དུ་ཡོང་བར་ཁོར་ཡུག་བཟང་པོ་འདོན་སྤྲོད་བྱེད་རྒྱུ་ཡིན་ལ། རྒྱལ་ཁབ་སོ་སོའི་ཁེ་ལས་ཀྱིས་ཀྲུང་གོའི་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་པ་དང་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་པར་དགའ་བསུ་ཞུ་བཞིན་ཡོད་ཟེར།

ཏེན་ཞུའེ་ཞང་དང་ལིས་ཆང་། དབྱང་ཅེ་ཁྲི། ཧུའུ་ཁྲུན་ཧྭ། ཧོང་ཁུན་མེན། ཝང་དབྱི། ཀྲའོ་ཁི་ཀྲི། ཧི་ལིས་ཧྥེང་སོགས་མཇལ་འཕྲད་ལ་ཞུགས།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།