ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་པེ་ཅིན་ནས་ཝང་ཝུན་ཡོན་གྱིས་ཁྲིད་པའི་ཐེ་ཝན་བཟོ་ལས་སྤྱི་ཁྱབ་ཚོགས་པའི་ལས་འཛིན་ལྟ་ཞིབ་པའི་འཚམས་འདྲི་ཚོགས་པར་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ11པའི་ཚེས6ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་པེ་ཅིན་ནས་ཝང་ཝུན་ཡོན་གྱིས་ཁྲིད་པའི་ཐེ་ཝན་བཟོ་ལས་སྤྱི་ཁྱབ་ཚོགས་པའི་ལས་འཛིན་ལྟ་ཞིབ་པའི་འཚམས་འདྲི་ཚོགས་པར་མཇལ་འཕྲད་གནང་།

ཝང་དབྱང་གིས་ཐེ་ཝན་བཟོ་ལས་སྤྱི་ཁྱབ་ཚོགས་པས་མཚོ་འགག་འགྲམ་གཉིས་ཀྱི་དཔལ་འབྱོར་མཉམ་ལས་ལ་སྐུལ་འདེད་བཏང་བ་དང་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བའི་ཞི་བའི་འཕེལ་རྒྱས་ཐད་ལ་བྱས་རྗེས་ཆེན་པོ་བཞག་པར་ཁས་ལེན་གང་ལེགས་མཛད། ཁོང་གིས་བསྟན་དོན། མཚོ་འགག་འགྲམ་གཉིས་ཀྱི་ཀྲུང་གོ་བས་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་བསྟུན་ཏེ། དོན་དངོས་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བའི་ཞི་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མེས་རྒྱལ་གྱི་ཞི་བའི་གཅིག་གྱུར་འཕེལ་རིམ་ལ་སྐུལ་འདེད་བཏང་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་དགོས་ཟེར།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།