ལིས་ཀྲན་ཧྲུའུ་ཡིས་ཨུ་རུ་སིའི་ཙུང་ལི་མེ་ཏི་ཝེ་ཅེ་ཧྥུའུ་ལ་མཇལ་འཕྲད་གནང་།

1123679415_15415986540331n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཚེས་བདུན་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨུ་རུ་སིའི་ཙུང་ལི་མེ་ཏི་ཝེ་ཅེ་ཧྥུའུ་ལ་མཇལ་འཕྲད་གནང་།

ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ཅིན་རྣམ་གཉིས་ཀྱི་སྣེ་ཁྲིད་འོག  ཀྲུང་གོ་དང་ཨུ་རུ་སིའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་དུས་རབས་གསར་བར་བསྐྱོད་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་གཡུར་དུ་ཟ་བའི་འབྲས་བུ་ཐོབ་ཡོད་པར་མ་ཟད། དེང་སྐབས་ཀྱི་འཛམ་གླིང་རྒྱལ་ཁབ་ཆེན་པོའི་འབྲེལ་བར་དཔེ་སྟོན་ལེགས་པོ་ཞིག་བསྐྲུན་ཡོད་ཅིང་།  དེང་སྐབས་ཀྱི་གསར་དར་རྒྱལ་སྤྱིའི་འབྲེལ་བ་གསར་འཛུགས་ལ་ཡར་སྐུལ་དང་མིའི་རིགས་ཀྱི་ལས་སྐལ་གཅིག་པའི་ཐུན་མོང་ཚོགས་པ་གསར་འཛུགས་ལ་བྱས་རྗེས་ཆེན་པོ་བཞག་ཡོད། ཀྲུང་གོ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ནི་འཕེལ་རྒྱས་ཀྱི་སྦས་ཤུགས་དང་རྒྱལ་སྤྱིའི་ཤུགས་རྐྱེན་ཆེན་པོ་ལྡན་པའི་རྒྱལ་ཁབ་གཉིས་ཡིན་ལ། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་ཐུན་མོང་གི་ལྟ་ཚུལ་དོན་འཁྱོལ་བཟང་པོ་བྱ་དགོས་པ་དང་། གོམ་གང་མདུན་སྤོས་ཀྱིས་འཐབ་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་དང་ཁྱབ་ཁོངས་སོ་སོའི་མཛའ་མཐུན་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། མཉམ་དུ་རྒྱལ་སྤྱིའི་དྲང་བདེན་དངོས་གཉེར་དང་འཛམ་གླིང་ཞི་བདེ་བརྟན་འཇགས་ལ་སྲུང་སྐྱོབ་བྱ་དགོས།  རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་སྡེ་ཁག་གིས་འགན་ནུས་འདོན་སྤེལ་བཟང་བོ་བྱས་ཏེ་ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་མུ་མཐུད་དུ་ཆུ་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་བཅའ་ཁྲིམས་ཀྱིས་ཁག་ཐེག་བྱ་དགོས་ཟེར།

མེ་ཏི་ཝེ་ཅེ་ཧྥུའུ་ཡིས་བསྟན་དོན།  ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བ་ལོ་རྒྱུས་ཀྱི་དུས་སྐབས་ཆེས་བཟང་ཤོས་སུ་གནས་ཡོད་པ་དང་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་མདུན་ལྗོངས་རྒྱ་ཆེན་པོ་ལྡན། ཨུ་རུ་སི་དང་ཀྲུང་གོ་གཉིས་ལ་མཉམ་དུ་ཕྱོགས་མང་རིང་ལུགས་དང་ཉོ་འཚོང་རང་དབང་ལ་སྲུང་སྐྱོབ་བྱ་རྒྱུའི་འགན་ཁུར་ལྡན་ལ། འཛམ་གླིང་གི་ཞི་བདེ་བརྟན་འཇགས་དང་དར་རྒྱས་ལ་སྟོབས་ཤུགས་འབུལ་དགོས།

ཚའོ་ཅན་མེན་མཇལ་འཕྲད་ལ་ཞུགས།  ཉིན་དེའི་ཕྱི་དྲོར། ཨུ་རུ་སིའི་ཙུང་ལི་མེ་ཏི་ཝེ་ཅེ་ཧྥུའུ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་བསྐྱོད་ནས་མི་དམངས་དཔའ་བོའི་རྗེས་དྲན་རྡོ་རིང་ལ་མེ་ཏོག་གི་ཕྲེང་བ་ཕུལ། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།