ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་དང་རྒྱལ་སྤྱིའི་དཔལ་འབྱོར་དངུལ་རྩ་ལས་ཁུངས་ཀྱི་འགན་འཁུར་བས་མཉམ་དུ་གསར་འགོད་པར་ཐུག་འཕྲད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཅིག་པའི་ཚེས་དྲུག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཏའོ་ཡུས་ཐེ་རྒྱལ་མགྲོན་ཁང་དུ་འཛམ་གླིང་དངུལ་ཁང་དང་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས། འཛམ་གླིང་ཉོ་ཚོང་རྩ་འཛུགས། དཔལ་འབྱོར་མཉམ་ལས་རྩ་འཛུགས། དངུལ་རྩ་བརྟན་འཇགས་ལས་འཛིན་ལྷན་ཚོགས། རྒྱལ་སྤྱིའི་ངལ་རྩོལ་བཟོ་བའི་རྩ་འཛུགས་ཀྱི་འགན་འཁུར་བ་དང་མཉམ་དུ་སྒོར་ཅོག་གྲོས་མོལ་ཚོགས་འདུ་ཐེངས་གསུམ་པ་བསྡུས་རྗེས་མཉམ་དུ་གསར་འགོད་པར་ཐུག་འཕྲད་བྱས།

ལིས་ཁི་ཆང་གིས་གསུངས་རྒྱུར། དེང་སྐབས་འཛམ་གླིང་གི་དཔལ་འབྱོར་བསྐྱར་དར་འབྱུང་བཞིན་ཡོད་ནའང་གཏན་འཁེལ་མིན་པའི་རྒྱུ་རྐྱེན་གང་མང་ཡོད། ཕྱོགས་སོ་སོས་རྦད་ཆོད་སྒོས་ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་འཚོང་ལ་སྲུང་སྐྱོབ་བྱེད་པ་དང་། ཕན་ཚུན་ལ་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་ཚུལ་འཛིན་པའི་རྩ་དོན་གཞིར་འཛིན་པ་དང་གྲོས་མོལ་བྱས་པ་བརྒྱུད་ནས་གནད་དོན་ཐག་གཅོད་དགོས། ང་ཚོས་མུ་མཐུད་དུ་ནོར་སྲིད་སྲིད་ཇུས་དང་དངུལ་ལོར་སྲིད་ཇུས་ལག་བསྟར་བྱས་ཏེ་དཔྱ་ཁྲལ་ཇེ་ཉུང་དུ་གཏོང་བ་དང་ཚོང་རར་ཞུགས་པ་དང་ཞབས་ཕྱིའི་ལས་རིགས་ཀྱི་སྒོ་འབྱེད་རྒྱ་བསྐྱེད་པར་མ་ཟད། རྒྱལ་དབང་ཁེ་ལས་དང་དམངས་གཉེར་ཁེ་ལས། ཕྱི་རྒྱལ་གྱི་ཁེ་ལས་བཅས་ཀྱིས་འདྲ་མཉམ་སྒོས་འགྲན་རྩོད་བྱེད་པ་དང་ཚང་མ་འདྲ་མཉམ་ཡིན་པའི་ཚོང་གཉེར་ཁོར་ཡུག་གསར་སྐྲུན་བྱེད་ངེས་ཡིན་ཟེར།

ཚོགས་འདུར་ཞུགས་པའི་རྒྱལ་སྤྱིའི་དཔལ་འབྱོར་དངུལ་རྩ་ལས་ཁུངས་ཀྱི་འགན་འཁུར་བས་བཤད་རྒྱུར། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལྗོངས་བཟང་བ་དང་ཀྲུང་གོས་བཅོས་སྒྱུར་སྒོ་འབྱེད་བྱས་ནས་གྲུབ་འབྲས་ཆེན་པོ་བླངས་པར་གཟེངས་བསྟོད་བྱེད་པར་མ་ཟད་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱས་ནས་འཛམ་གླིང་གི་དཔལ་འབྱོར་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།