ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་སིང་ཀ་ཕོར་གྱི་བཟོ་ཚོང་ལས་རིགས་ཀྱིས་བསྡུས་པའི་དགའ་བསུ་གསོལ་སྟོན་ལ་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

W020181114350498536658.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ས་དེའི་དུས་ཚོད་ཟླ་བཅུ་གཅིག་པའི་ཚེས་བཅུ་གསུམ་ཉིན་གྱི་དགོང་མོར་སིང་ཀ་ཕོར་ནས་སིང་ཀ་ཕོར་གྱི་བཟོ་ཚོང་མཉམ་འབྲེལ་སྤྱིའི་ལྷན་ཚོགས་དང་ཀྲུང་ཧྭ་སྤྱིའི་ཚོང་ཚོགས་ཀྱིས་མཉམ་འབྲེལ་སྒོས་བསྡུས་པའི་དགའ་བསུ་གསོལ་སྟོན་ལ་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ལིས་ཁི་ཆང་གིས་བསྟན་དོན། འདས་པའི་ལོ་ངོ་བཞི་བཅུའི་རིང་། ཀྲུང་གོས་བཅོས་བསྒྱུར་སྒོ་འབྱེད་ལ་རྒྱབ་རྟེན་ནས། གནམ་ས་བླ་འོག་བརྗེ་བ་ལྟ་བའི་འགྱུར་ལྡོག་བྱུང་བ་དང་། སིང་ཀ་ཕོར་གྱི་འཕེལ་རྒྱས་ཐད་ནས་ཀྱང་རྒྱུ་མ་ཆད་པར་གྲུབ་འབྲས་གསར་བ་བླངས་ནས། སིང་ཀ་ཕོར་གྱི་བྱས་རྗེས་ངོ་མཚར་ཅན་བསྐྲུན། ལོ་ངོ་བཞི་བཅུའི་རིང་ལ། སིང་ཀ་ཕོར་གྱི་འཕེལ་རྒྱས་ཉམས་མྱོང་གིས་ཀྲུང་གོ་ལ་དཔེ་གཞི་རྩ་ཆེན་པོ་འདོན་སྤྲོད་བྱས་པ་དང་། ཀྲུང་གོའི་འཕེལ་རྒྱས་ཀྱིས་ཀྱང་སིང་ཀ་ཕོར་ལ་གོ་སྐབས་གལ་ཆེན་འདོན་སྤྲོད་བྱས། ཀྲུང་གོ་དང་སིང་ཀ་ཕོར་གཉིས་བར་དམིགས་བསལ་གྱི་མཛའ་བརྩེ་མཉམ་ལས་ཀྱི་འབྲེལ་བ་ཆགས་ཡོད་ལ། ཀྲུང་གོ་ཕྱོགས་ཀྱི་སིང་ཀ་ཕོར་དང་མཉམ་དུ། མཉམ་འབྲེལ་མཉམ་མཐུད་དང་དངུལ་རྩའི་འདེགས་སྐྱོར། ཕྱོགས་གསུམ་པའི་མཉམ་ལས་སོགས་ཀྱི་སྟེགས་བུ་བསྐྲུན་པ་དང་། དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་རིམ་སྤོར་འཕེལ་རྒྱས་དང་དངུལ་རྩའི་མཉམ་ལས་རྒྱུན་མ་ཆད་པར་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་སྟེ། མཉམ་དུ་ཁུལ་ཁོངས་མཉམ་ལས་ཀྱི་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་ཡར་སྐུལ་བྱེད་དགོས་ཟེར།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོས་སྟོབས་ཤུགས་སྔར་ལས་ཆེན་པོ་དང་བྱེད་ཐབས་སྔར་ལས་བཟང་བོ། གོམ་སྟབས་སྔར་ལས་མགྱོགས་པོས་བཅོས་བསྒྱུར་སྒོ་འབྱེད་སྤེལ་ནས། རྒྱལ་ནང་དང་ཕྱི་རྒྱལ་གྱི་མ་དངུལ་གཏོང་བའི་ཁེ་ལས་ལ་ལྟ་སྟངས་གཅིག་འདྲ་འཛིན་པ་དང་འདྲ་མཉམ་འགྲན་རྩོད་ཀྱི་ཚོང་གཉེར་ཁོར་ཡུག་བསྐྲུན་རྒྱུ་ཡིན་པ་དང་། སིང་ཀ་ཕོར་ནང་དུ་འདུ་བའི་རྒྱལ་ཁབ་སོ་སོའི་ཁེ་ལས་ཀྱིས་གོ་སྐབས་དམ་འཛིན་བྱེད་པ་དང་། ཀྲུང་གོ་ཕྱོགས་ཀྱི་དངུལ་གཏོང་རྒྱ་སྐྱེད་པ། དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་ཤུགས་བསྣན་ནས། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་པར་དགའ་བསུ་བྱེད་བཞིན་ཡོད་ཟེར།

ལིས་ཁི་ཆང་གིས་ཀྲུང་གོའི་དཔལ་འབྱོར་གནས་བབ་ཐད་ནས་ངོ་སྤྲོད་མདོར་བསྡུས་བྱས།

སིང་ཀ་ཕོར་གྱི་དཔལ་འབྱོར་ཉོ་ཚོང་ལས་རིགས་ནས་ཡོང་བའི་མི་སྟོང་ལྷག་བྱ་འགུལ་ལ་ཞུགས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།