ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཉིས་པའི་ཚེས་ལྔ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། ཡར་སྐུལ་གསར་སྐྲུན་གྱི་བཅོས་སྒྱུར་བྱེད་ཐབས་སྐོར་ཞིག་ཡང་བསྐྱར་ཁྱབ་གདལ་དུ་བཏང་ནས་གསར་སྐྲུན་གསར་གཏོད་ཀྱི་གསོན་ཤུགས་སྔར་ལས་ཇེ་ཆེར་གཏོང་རྒྱུ་ཐག་བཅད་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་ཁེ་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་འཆམ་བྱུང་སྟེ་ཕན་འབྲས་ལྡན་པའི་སྒོ་ནས་ཐོན་དབང་སྲུང་སྐྱོབ་བྱེད་པ་དང་ནུས་ལྡན་སྒོས་དབང་ཆ་འཕྲོག་པར་ཆམ་ཕབ་གཏོང་རྒྱུ་བྱས་ཤིང་། ཐོན་སྐྱེད་བདེ་འཇགས་དོན་རྐྱེན་འཕྲལ་སྒྲུབ་སྲོལ་ཡིག་འཆར་ཟིན་ལ་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་ན་ནིང་སྐོར་ཐེངས་དང་པོའི་བཅོས་སྒྱུར་བྱེད་ཐབས་བཅུ་གསུམ་རྒྱལ་ཡོངས་སུ་ཁྱབ་གདལ་དུ་བཏང་བ་དང་། ད་ལོ་ཡང་སྐོར་ཐེངས་གསར་བའི་བཅོས་སྒྱུར་བྱེད་ཐབས་ཉེར་གསུམ་ཁྱབ་གདལ་དུ་བཏང་སྟེ་ཤུགས་ཆེན་པོས་གསར་སྐྲུན་ནུས་ཤུགས་སྔར་ལས་ཇེ་ཆེར་གཏོང་བ་དང་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་བ་གསོ་སྐྱོང་བྱེད་རྒྱུ་ཐག་བཅད།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།