ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཕུའུ་ཐའོ་ཡའི་ཙུང་ཐུང་ཏི་སོ་སཱ་དང་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1543971109819137.jpg

ས་དེའི་ཚེས་བཞི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕུའུ་ཐའོ་ཡའི་ཙུང་ཐུང་ཏི་སོ་སཱ་དང་གྲོས་མོལ་མཛད། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་ཀྲུང་གོ་དང་ཕུའུ་ཐའོ་ཡའི་བར་དུ་འབྲེལ་བ་བཙུགས་ནས་ལོ་འཁོར་བཞི་བཅུ་ལོན་པ་དེ་ལོ་རྒྱུས་ཀྱི་འགོ་རྩོམ་ས་གསར་པར་བྱས་ཏེ། ཀྲུང་གོ་དང་ཕུའུ་ཐའོ་ཡའི་མཛའ་མཐུན་མཉམ་ལས་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་བླངས་ནས། ཕྱོགས་གཉིས་ཀྱི་འབྲེལ་བ་གོང་འཕེལ་གྱི་ལོ་རྒྱུས་ཀྱི་གསར་པ་རྩོམ་པར་འཐད་པ་བྱུང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་དེའི་ཚེས་བཞི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕུའུ་ཐའོ་ཡའི་ཙུང་ཐུང་ཏི་སོ་སཱ་དང་གྲོས་མོལ་མཛད། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་ཀྲུང་གོ་དང་ཕུའུ་ཐའོ་ཡའི་བར་དུ་འབྲེལ་བ་བཙུགས་ནས་ལོ་འཁོར་བཞི་བཅུ་ལོན་པ་དེ་ལོ་རྒྱུས་ཀྱི་འགོ་རྩོམ་ས་གསར་པར་བྱས་ཏེ། ཀྲུང་གོ་དང་ཕུའུ་ཐའོ་ཡའི་མཛའ་མཐུན་མཉམ་ལས་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་བླངས་ནས། ཕྱོགས་གཉིས་ཀྱི་འབྲེལ་བ་གོང་འཕེལ་གྱི་ལོ་རྒྱུས་ཀྱི་གསར་པ་རྩོམ་པར་འཐད་པ་བྱུང་།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཕུའུ་ཐའོ་ཡའི་བར་དུ་མཛའ་མཐུན་འགྲོ་འོང་གི་ལོ་རྒྱུས་རིང་བ་དང་། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་སོ་དགུ་འགོར་བའི་རིང་ལ། དུས་རྒྱུན་དུ་ཕན་ཚུན་ལ་རྒྱུས་ལོན་དང་ཕན་ཚུན་ལ་བརྩི་བཀུར། ཕན་ཚུན་ལ་ཡིད་ཆེས། ཕན་ཚུན་ལ་མཉམ་ལས་བཅས་བྱས་ཏེ། ཕྱོགས་གཉིས་ཀྱི་འབྲེལ་བས་རྒྱལ་སྤྱིའི་འགྱུར་ལྡོག་གི་ཉམས་སད་ཐེག་པ་དང་། བདེ་ཐང་དང་གཏན་འཇགས་ངང་གོང་འཕེལ་དུ་སོང་། ཀྲུང་གོ་དང་ཕུའུ་ཐའོ་ཡ་གཉིས་ནི་གྲོགས་པོ་བཟང་པོ་དང་སྤུན་ཟླ་བཟང་པོ་ཡིན། ཀྲུང་གོས་ཕུའུ་ཐའོ་ཡས་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱས་པར་གཟེངས་བསྟོད་བྱེད་བཞིན་པ་དང་། ཕུའུ་ཐའོ་ཡ་དང་མཉམ་དུ་ཕྱོགས་གཉིས་ཀྱི་སྲོག་ཤིང་ཁེ་ཕན་དང་དོ་སྣང་བྱེད་པའི་གནད་དོན་གལ་ཆེན་སྐོར་ནས་ཕན་ཚུན་ལ་རྒྱུས་ལོན་དང་རྒྱབ་སྐྱོར་བྱེད་འདོད་ཡོད། ཕྱོགས་གཉིས་ཀྱིས་མཐོ་རིམ་འགྲོ་འོང་ཇེ་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དང་ཁྲིམས་འཛུགས་ལས་ཁུངས། སྲིད་ཏང་། ས་གནས། དམངས་ཁྲོད་བཅས་ཀྱི་འགྲོ་འོང་ཇེ་ཟབ་ཏུ་གཏོང་བ། ཆབ་སྲིད་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་གྱི་ཆབ་སྲིད་རྨང་གཞི་སྲ་བརྟན་དུ་གཏོང་འདོད་ཡོད། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཕུའུ་ཐའོ་ཡའི་སྲིད་གཞུང་བར་དུ་རྒྱུད་གཅིག་ལམ་གཅིག་གི་མཉམ་ལས་བཟོད་སྒོམ་བརྗེད་ཐོ་བཀོད་པ་གོ་སྐབས་སུ་བྱས་ཏེ། རྒྱུད་གཅིག་ལམ་གཅིག་སྒྲོམ་གཞིའི་འོག་གི་མཉམ་ལས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་དགོས། ཕྱོགས་གཉིས་ཀྱིས་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་པ་དང་། ད་སྔའི་ལས་གཞི་ཆེ་རུ་བསྐྱེད་པ། ཕྱོགས་གཉིས་ཀྱི་ཉོ་འཚོང་འགྲོ་འོང་རྒྱ་བསྐྱེད་པ་བཅས་བྱས་ཏེ། མཉམ་ལས་ཀྱི་གྲུབ་འབྲས་གསར་པ་བསྐྲུན་དགོས། ཕྱོགས་གཉིས་ཀྱིས་མི་ཆོས་བརྗེ་རེས་ཇེ་ཟབ་ཏུ་བཏང་ནས། སློབ་གསོ་དང་རྒྱང་སྒྲོག་གློག་བརྙན་བརྙན་འཕྲིན་་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་ལ་ཤུགས་སྣོན་དགོས། ཕྱོགས་གཉིས་ཀྱི་ཕྱོགས་མང་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ནས་འབྲེལ་འདྲིས་དང་གཞོགས་འདེགས་ཇེ་ཟབ་ཏུ་བཏང་ནས། ཕྱོགས་མང་རིང་ལུགས་དང་རང་དབང་ཉོ་འཚོང་ལ་མཉམ་དུ་སྲུང་སྐྱོབ་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཡོ་རོབ་གླིང་ནི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོ་ཡིན། ཀྲུང་གོས་ཡོ་རོབ་གླིང་གི་གཞི་གཅིག་ཅན་ལ་དུས་རྒྱུན་དུ་རྒྱབ་སྐྱོར་ལྷོད་མེད་བྱེད་བཞིན་ཡོད་ལ། ཕུའུ་ཐའོ་ཡས་ཡོ་རོབ་གླིང་མནའ་འབྲེལ་ནས་ནུས་པ་ལེགས་པོ་བཏོན་ཏེ། ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བ་གོང་འཕེལ་གྱི་ཁ་ཕྱོགས་ཡང་དག་ལ་སྲུང་སྐྱོབ་བྱེད་རྒྱུའི་རེ་བ་བཅངས་ཡོད་ཟེར།

ཏི་སོ་སཱ་ཡིས་བསྟན་དོན། ཕུའུ་ཐའོ་ཡ་དང་ཀྲུང་གོའི་འགྲོ་འོང་གི་ལོ་རྒྱུས་རིང་བ་དང་། ཕན་ཚུན་བར་དུ་རྒྱུས་ལོན་ཟབ་མོ་ཡོད་པ་འདི་ནི་ཕྱོགས་གཉིས་ཀྱི་འབྲེལ་བ་གོང་འཕེལ་དུ་འགྲོ་བའི་རྨང་གཞི་བརྟན་པོ་ཡིན། སང་ལོ་ནི་ཕུའུ་ཐའོ་ཡ་དང་ཀྲུང་གོའི་བར་དུ་འབྲེལ་བ་བཙུགས་ནས་ལོ་འཁོར་བཞི་བཅུ་ལོན་པ་ཡིན་ལ། ཕུའུ་ཐའོ་ཡས་ཀྲུང་གོའི་བར་གྱི་འབྱོར་འཚོང་དང་དངུལ་རྩ། མི་ཆོས་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ཇེ་ཟབ་ཏུ་གཏོང་འདོད་ཡོད་ལ། ཀྲུང་གོའི་ཁེ་ལས་ཀྱིས་ཕུའུ་ཐའོ་ཡ་ལ་མ་དངུལ་སྔར་ལས་མང་པོ་གཏོང་བར་དགའ་བསུ་ཞུ་བཞིན་ཡོད། ཕུའུ་ཐའོ་ཡས་རྒྱུད་གཅིག་ལམ་གཅིག་གི་གྲོས་གཞི་ལ་རྒྱབ་སྐྱོར་བྱས་ཏེ། སྐམ་སའི་དར་གོས་ཚོང་ལམ་དང་མཚོ་ཐོག་དར་གོས་ཚོང་ལམ་གྱི་ཡོ་རོབ་གླིང་གི་ལྟེ་གནས་ལྟ་བུར་འགྱུར་བའི་རེ་བ་བཅངས་ཡོད། ཕུའུ་ཐའོ་ཡ་དང་ཀྲུང་གོའི་བར་དུ་རྒྱལ་སྤྱིའི་གནད་དོན་ཐད་ནས་ལངས་ཕྱོགས་འདྲ་བ་དང་། ཕྱོགས་གཉི་གས་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་དང་། ཕྱོགས་གཅིག་རིང་ལུགས་ལ་ངོ་རྒོལ། རང་དབང་ཉོ་འཚོང་ལ་རྒྱབ་སྐྱོར། སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་བཅས་བྱེད་བཞིན་ཡོད་ལ། ཕྱོགས་མང་གི་མཐུན་སྦྱོར་ཇེ་ཟབ་ཏུ་གཏོང་དགོས། ཕུའུ་ཐའོ་ཡས་ཡོ་རོབ་གླིང་དང་ཀྲུང་གོའི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བར་རྒྱབ་སྐྱོར་བྱས་ཏེ། ཀྲུང་གོའི་བར་གྱི་མཉམ་ལས་ལ་ཇེ་ཟབ་ཏུ་གཏོང་འདོད་ཡོད་ཟེར།

གྲོས་མོལ་གྱི་རྗེས་སུ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།

གྲོས་མོལ་གྱི་སྔོན་ལ། ཙུང་ཐུང་ཏི་སོ་སཱ་ཡིས་བཙན་རྒྱལ་ཐང་ཆེན་ནས་ཞི་ཅིན་ཕིང་ལ་དགའ་བསུའི་མཛད་སྒོ་གཟབ་རྒྱས་བསྡུས།

ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་གཉིས་བཙན་རྒྱལ་ཐང་ཆེན་ལ་ཐོན་པ་ན། ཏི་སོ་སཱ་ཡིས་སྤྲོ་སེམས་འཁོལ་བའི་ངང་བསུ་མ་བྱས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གཟིགས་བཤེར་སྟེགས་བུའི་སྟེང་ཕེབས་པ་ན། དམག་དཔུང་གི་རམ་དཀྲོལ་རུ་ཁག་གིས་ཀྲུང་གོ་དང་ཕུའུ་ཐའོ་ཡའི་རྒྱལ་གླུ་དཀྲོལ་བ་དང་། གུས་ལུགས་སྒྱོགས་མདེལ་ཉེར་གཅིག་འཕངས། ཏི་སོ་སཱ་ཡི་འགྲོ་རོགས་འོག་ཏུ། ཞི་ཅིན་ཕིང་གིས་གཟབ་སྦྲེངས་རུ་ཁག་ལ་གཟིགས་བཤེར་བྱས།

ཉིན་དེའི་དགོང་མོར། ཞི་ཅིན་ཕིང་དང་ཕིན་ལིས་ཡོན་གཉིས་ཀྱིས་ཏི་སོ་སཱ་དང་མཉམ་དུ་མཚོ་ཐོག་དར་གོས་ཚོང་ལམ་གྱི་རིག་དངོས་འགྲེམ་སྟོན་ལ་གཟིགས།

ཏེན་ཞུའེ་ཞང་དང་། དབྱང་ཅེ་ཁྲི། ཝང་དབྱི། ཧི་ལིས་ཧྥེང་སོགས་གོང་གི་བྱ་འགུལ་ལ་ཞུགས།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།