ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འཇར་མན་གྱི་ཙུང་ཐུང་ཧྲི་ཐའེ་དབྱིན་མའེ་ཨར་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1123833950_15444512147321n.jpg

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅུ་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་འཇར་མན་གྱི་ཙུང་ཐུང་ཧྲི་ཐའེ་དབྱིན་མའེ་ཨར་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅུ་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་འཇར་མན་གྱི་ཙུང་ཐུང་ཧྲི་ཐའེ་དབྱིན་མའེ་ཨར་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་འཇར་མན་གཉིས་ནི་འཛམ་གླིང་གི་དཔལ་འབྱོར་ཚོགས་པ་གཙོ་བོ་ཡིན་ལ། མཉམ་ལས་ཀྱི་གྲོགས་པོ་གལ་ཆེན་ཡིན། ཀྲུང་གོས་འཇར་མན་དང་མཉམ་དུ་བབ་བསྟུན་མདུན་སྐྱོད་ཀྱིས་མུ་མཐུད་དུ་ཕན་ཚུན་ལ་བརྩི་བཀུར་བྱེད་པ་དང་འདྲ་མཉམ་མཉམ་ལས་ཀྱི་རྨང་གཞིའི་སྟེང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་གོང་འཕེལ་དུ་བཏང་ནས། གཉིས་ཕན་མཉམ་རྒྱལ་སྔར་ལས་བཟང་པོར་མངོན་འགྱུར་བྱེད་འདོད་ཡོད་ལ། འདི་ནི་རྒྱལ་ཁབ་གཉི་གར་ཕན་པ་དང་། ཀྲུང་གོ་དང་ཡོ་རོབ་གླིང་ལ་ཕན་ཞིང་། འཛམ་གླིང་ལ་ཕན་ཟེར།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོས་སྒོ་འབྱེད་ཚད་སྔར་ལས་རྒྱ་བསྐྱེད་བཞིན་ཡོད་ལ། བྱེད་ཐབས་གསར་པ་རབ་དང་རིམ་པ་སྤྱོད་བཞིན་ཡོད། ང་ཚོས་འཇར་མན་གྱི་ཁེ་ལས་ཀྱིས་ཀྲུང་གོར་མ་དངུལ་མང་དུ་གཏོང་བར་དགའ་བསུ་ཞུ་བཞིན་པ་དང་མཉམ་དུ། འཇར་མན་གྱིས་ཀྲུང་གོའི་ཁེ་ལས་འཇར་མན་དུ་སོང་ནས་དངུལ་གཏོང་ཚོང་གཉེར་བྱེད་པར་འདྲ་མཉམ་གྱི་ཁོར་ཡུག་ཅིག་བསྐྲུན་རྒྱུའི་རེ་བ་བཅངས་ཡོད། ང་ཚོས་འཇར་མན་བར་གྱི་མི་ཆོས་བརྗེ་རེས་རྒྱ་བསྐྱེད་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་དམངས་བློའི་རྨང་གཞི་སྲ་བརྟན་དུ་གཏོང་འདོད་ཡོད་ཟེར།

ཧྲི་ཐའེ་དབྱིན་མའེ་ཨར་གྱིས་བསྟན་དོན། འཇར་མན་གྱིས་ཕྱོགས་གཉིས་བར་གྱི་ཉོ་འཚོང་གི་གཞི་ཁྱོན་སྔར་ལས་རྒྱ་བསྐྱེད་པ་དང་། ཀྲུང་གོར་མ་དངུལ་གཏོང་ཚད་རྒྱ་བསྐྱེད་པ། ཕྱོགས་གཉིས་བར་གྱི་གྲོས་མོལ་ལ་ཤུགས་སྣོན་པ་བཅས་བྱས་ཏེ། ཀྲུང་གོ་དང་མཉམ་དུ་རང་དབང་ཉོ་འཚོང་དང་ད་ལྟའི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།