ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཆི་ཧྲན་གྱིས་ཀོང་ཏུང་གི་བྱ་བར་རྟོག་ཞིབ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཟླ་བཅུ་གཉིས་པའི་ཚེས་བདུན་ཉིན་ནས་ཚེས་བཅུ་གཉིས་ཉིན་བར་ཀོང་ཏུང་གི་བྱ་བར་རྟོག་ཞིབ་མཛད། ཁོང་གིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། བཅོས་བསྒྱུར་སྒོ་འབྱེད་སྤེལ་ནས་ལོ་འཁོར་བཞི་བཅུའི་རིང་གི་འོད་སྟོང་འབར་བའི་ལོ་རྒྱུས་དང་ཉམས་མྱོང་རྩ་ཆེན་སྤྱི་སྡོམ་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། ཞང་ཀང་དང་ཨོ་མིན། ཀོང་ཏུང་བཅས་ཀྱི་གྲོང་ཁྱེར་ཚོགས་འཛུགས་སྐྲུན་བྱེད་པ། ཡིད་ཆེས་བརྟན་པོ་དང་འགུལ་སྐྱོད་དངོས་ལ་བརྟེན་ནས་དུས་རབས་གསར་བའི་བཅོས་བསྒྱུར་སྒོ་འབྱེད་ཀྱི་ལེའུ་གསར་བ་འབྲི་དགོས་ཟེར།

ཝང་ཆི་ཧྲིན་སྔ་གཞུག་ཏུ་ཀྲུའུ་ཧའེ་དང་ཧྥོ་ཧྲན། ཏུང་ཀོན། ཧྲིན་ཀྲིན་སོགས་སུ་སོང་ནས། ཧེང་ཆིན་དང་ནན་ཧྲ། ཆན་ཧའེ་སོགས་ར་བའི་ཁུལ་གྱི་འཕེལ་རྒྱས་དང་ཞང་ཀང་དང་ཨོ་མིན། ཀོང་ཏུང་གསུམ་གྱི་གྲོང་ཁྱེར་ཚོགས་འཛུགས་སྐྲུན་གྱི་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། ཀོང་ཏུང་རླངས་འཁོར་སྡེ་ཚོགས་དང་ཐིན་ཞོན་ཀུང་ཟི། ཞང་ཀང་ཚན་རྩལ་སློབ་ཆེན་ཧའོ་དབྱིན་ཏུང་ཞིབ་འཇུག་གླིང་སོགས་ཁེ་ལས་དང་ཚན་རིག་ཞིབ་འཇུག་ཁང་དུ་སོང་ནས། ལག་རྩལ་གསར་གཏོད་དང་ཁེ་ལས་བདག་གཉེར། ཞང་ཀང་དང་ཨོ་མིན། ཀོང་ཏུང་བཅས་ཀྱི་ཚན་རྩལ་མཉམ་ལས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས།

ཝང་ཆི་ཧྲིན་གྱིས་ནན་གྱིས་བསྟན་དོན། བཅོས་བསྒྱུར་སྒོ་འབྱེད་ནི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་དགོས་ངེས་ཀྱི་ལམ་བུ་ཡིན་པ་དང་། ཏང་དང་སྲིད་གཞུང་གི་འགོ་ཁྲིད་བརྟན་པོ་འོག མི་རབས་རེ་རེའི་འཛུགས་སྐྲུན་མཁན་ཚོས་དཀའ་སྤྱད་འབད་བརྩོན་དང་རང་ཉིད་ཀྱི་རིག་སྟོབས་ལ་བརྟེན་ནས་ཡིད་མཚར་བའི་རླབས་ཆེན་གྱི་གྲུབ་འབྲས་བླངས། བཅོས་བསྒྱུར་སྒོ་འབྱེད་གྱི་གཙོ་གནད་ནི་ལམ་ལུགས་གསར་གཏོད་བྱེད་རྒྱུ་དེ་ཡིན་པས། དུས་རབས་གསར་བར་ཁྱོན་ཡོངས་ནས་སྒོ་འབྱེད་བྱེད་པར་སྐུལ་འདེད་གཏོང་བའི་རྣམ་པ་གསར་བའི་འཐབ་ཇུས་ཀྱི་མཐོ་ཚད་ནས་ཞང་ཀང་དང་ཨོ་མིན། ཀོང་ཏུང་གསུམ་གྱི་གྲོང་ཁྱེར་ཚོགས་འཛུགས་སྐྲུན་བྱེད་པའི་དོན་སྙིང་གལ་ཆེན་ལ་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་། བསམ་བློ་བཅིངས་འགྲོལ་དང་སྙིང་སྟོབས་ཆེན་པོས་འཚོལ་ཞིབ་བྱེད་པ། དམིགས་བསལ་སྲིད་འཛིན་ཁུལ་གྱི་སྔོན་སྐྱོད་ཚོད་ལྟ་ནུས་པ་འདོན་སྤེལ་བྱས་ཏེ། འོས་འཚམ་མིན་པའི་སྒྲིག་གཞི་རྐྱེན་སྲོལ་དང་ཁྲིམས་སྲོལ་ལམ་ལུགས་ཀྱི་བཀག་རྒྱ་གཏོར་དགོས། ཏང་དང་སྲིད་གཞུང་གིས་ལམ་ལུགས་ཁོར་ཡུག་འཛུགས་སྐྲུན་དང་སྲུང་སྐྱོབ་བྱེད་པ་དང་། ཞབས་ཞུ་དང་དོ་དམ་བྱ་བ་བཟང་བོར་བསྒྲུབ་ནས། གསར་གཏོད་ཀྱི་སྒུལ་ཤུགས་ཆེར་སྐྱེད་པ་དང་ཚོང་རའི་གཙོ་གཞིའི་གསོན་ཤུགས་མངོན་པར་བྱེད་དགོས་ཟེར།

ཝང་ཆི་ཧྲིན་གྱིས་བསྟན་དོན། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོར་འགུར་ལྡོག་བྱུང་བ་དང་། གནས་ལྔ་གཞི་གཅིག་ནི་འཕེལ་རྒྱས་ཀྱི་དུས་རིམ་གསར་བའི་ནང་བཏོན་པའི་རེ་བ་སྔར་ལས་མཐོན་པོ་ཡིན། མི་དམངས་མང་ཚོགས་ཀྱི་འཚོ་བའི་རྣམ་པ་དང་འཛད་སྤྱོད་འདུ་ཤེས་ལ་འགྱུར་ལྡོག་བྱུང་བཞིན་ཡོད་པས། དེའི་ཁྲོད་ནས་ཞིང་སྡེ་ཁྱོན་ཡོངས་ནས་དར་སྤེལ་གཏོང་བའི་བྱེད་ཐབས་གསར་བ་འཚོལ་བ་དང་། གྲོང་ཁྱེར་དང་ཞིང་སྡེའི་བར་ཐག་ཁ་གསབ་བྱེད་པའི་ལམ་བུ་གསར་བ་འཚོལ་དགོས། མི་དམངས་མང་ཚོགས་ཀྱི་འཚོ་བའི་དགོས་མཁོ་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་པར་ཟུང་འབྲེལ་བྱས་ནས་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་སྤེལ་བ་དང་། གྲངས་ཀ་དང་གྲུབ་ཚུལ། རིན་་གོང་སོགས་ཕྱོགས་ནས་མི་དམངས་ཀྱི་ཉིན་རེ་བཞིན་འཕར་སྣོན་བྱུང་བཞིན་པའི་མཛེས་སྡུག་འཚོ་བའི་དགོས་མཁོ་བསྐང་ནས། ཉོ་སྒྲུབ་ཀྱི་ནུས་པ་ལྡན་པའི་དགོས་མཁོ་སྐོང་ཐུབ་ཚོད་བྱེད་དགོས་ཟེར།

ཝང་ཆི་ཧྲན་གྱིས་ད་དུང་ཞང་ཀང་དང་ཀྲུའུ་ཧའེ། ཨོ་མིན་བར་གྱི་ཟམ་ཆེན་དང་། ཀོང་ཏུང་གི་བཅོས་བསྒྱུར་སྒོ་འབྱེད་སྤེལ་ནས་ལོ་འཁོར་བཞི་བཅུ་ལོན་པའི་འགྲེམ་སྟོན་ལ་གཟིགས་སྐོར་མཛད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀོང་ཏུང་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ལིས་ཞི་རྟོག་ཞིབ་ལ་ཞུགས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།