ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་ཚོགས་གཙོ་ཐང་དབྱིན་ཉིན་གྱིས་ཁྲིད་པའི་ཞང་ཀང་མཛའ་མཐུན་མཐུན་སྦྱོར་ཡར་སྐུལ་ཚོགས་པའི་འཚམས་འདྲི་ཚོགས་པར་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཉིས་པའི་ཚེས་བཅུ་བཞི་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་པེ་ཅིན་ནས་ཚོགས་གཙོ་ཐང་དབྱིན་ཉིན་གྱིས་ཁྲིད་པའི་ཞང་ཀང་མཛའ་མཐུན་མཐུན་སྦྱོར་ཡར་སྐུལ་ཚོགས་པའི་འཚམས་འདྲི་ཚོགས་པར་མཇལ་འཕྲད་གནང་།

ཝང་དབྱང་གིས་གསུངས་རྒྱུར། ཞང་ཀང་མཛའ་མཐུན་མཐུན་སྦྱོར་ཡར་སྐུལ་ཚོགས་པ་བཙུགས་ནས་ལོ་ཉེར་དགུའི་རིང་ལ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཕྱོགས་ཁྱོན་ཡོངས་དང་ཡང་དག་པའི་སྒོ་ནས་ལག་བསྟར་བྱས་ནས། ཞང་ཀང་གི་དར་རྒྱས་དང་བརྟན་འཇགས་སྲུང་སྐྱོབ་བྱེད་པར་བྱས་རྗེས་ཆེན་པོ་བཞག ཞང་ཀང་མཛའ་མཐུན་མཐུན་སྦྱོར་ཡར་སྐུལ་ཚོགས་པས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞང་ཀང་དང་ཨོ་མིན་གྱི་ལས་རིགས་སོ་སོས་རྒྱལ་ཁབ་ཀྱི་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་བཞི་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་འཚམས་འདྲི་ཚོགས་པར་མཇལ་འཕྲད་གནང་སྐབས་གསུང་བཤད་གལ་ཆེན་གནང་བའི་དགོངས་དོན་ལ་ནན་ཏན་སྒོས་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ཏེ། རྒྱལ་གཅེས་ཀང་གཅེས་ཀྱི་སྲོལ་རྒྱུན་བཟང་བོ་རྒྱུན་འཁྱོངས་བྱེད་པ་དང་ཧུར་ཐག་སྒོས་དུས་རབས་གསར་པའི་བཅོས་སྒྱུར་སྒོ་འབྱེད་ཀྱི་རླབས་ཆེན་ལས་དོན་ཁྲོད་དུ་ཞུགས་དགོས་ལ། ཞང་ཀང་གི་ལས་རིགས་སོ་སོའི་མི་སྣ་དང་མཐུན་སྒྲིལ་དམ་པོ་བྱས་ནས་ཧུར་ཐག་སྒོས་ཞང་ཀང་གི་དར་རྒྱས་དང་བརྟན་འཇགས་ཐད་ལ་བྱས་རྗེས་གསར་བ་འཇོག་དགོས། ཞང་ཀང་གི་ན་གཞོན་རྣམས་བདེ་ཐང་ངང་འཚར་ལོངས་འབྱུང་བར་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་ནས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལས་དོན་ཐད་ལ་རྒྱུན་འཛིན་མཁན་གསོ་སྐྱོང་བྱེད་དགོས། རྒྱལ་གཅེས་ཀང་གཅེས་ཀྱི་མཉམ་ཤུགས་ཆེན་པོ་གཅིག་སྡུད་བྱས་ཏེ་ཞང་ཀང་གི་དར་རྒྱས་དང་བརྟན་འཇགས་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཀྱི་ལོ་རྒྱུས་འགན་འཁྲི་མཉམ་ཁུར་བྱེད་པར་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།