ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཀྲུང་གོའི་དངུལ་ཁང་དང་ཀྲུང་གོའི་བཟོ་ཚོང་དངུལ་ཁང་། ཀྲུང་གོའི་འཛུགས་སྐྲུན་དངུལ་ཁང་བཅས་ཀྱི་བྱ་བར་རྟོག་ཞིབ་མཛད་པར་མ་ཟད་འགོ་མཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

3.jpg

ཟླ1པོའི་ཚེས4ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཀྲུང་གོའི་དངུལ་ཁང་དང་བཟོ་ཚོང་དངུལ་ཁང་། འཛུགས་སྐྲུན་དངུལ་ཁང་བཅས་སུ་ཕེབས་ནས་ལྟ་ཞིབ་མཛད་པར་མ་ཟད། དངུལ་ཁང་ཉེན་སྲུང་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་ནས་འགོ་མཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ1པོའི་ཚེས4ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཀྲུང་གོའི་དངུལ་ཁང་དང་བཟོ་ཚོང་དངུལ་ཁང་། འཛུགས་སྐྲུན་དངུལ་ཁང་བཅས་སུ་ཕེབས་ནས་ལྟ་ཞིབ་མཛད་པར་མ་ཟད། དངུལ་ཁང་ཉེན་སྲུང་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་ནས་འགོ་མཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས།

ལིས་ཁི་ཆང་སྔ་གཞུག་ཏུ་ཀྲུང་གོའི་དངུལ་ཁང་ལས་གཉེར་ཚོམས་ཁང་དང་། བཟོ་ཚོང་དངུལ་ཁང་དང་འཛུགས་སྐྲུན་དངུལ་ཁང་གི་ཀུན་ཕན་དངུལ་རྩའི་ལས་དོན་པུའུ་བཅས་སུ་ཕེབས་ནས། ཁེ་ལས་ཕྲན་ཆུང་གི་དངུལ་བུན་བསྐྱི་བའི་གཞི་ཁྱོན་དང་མ་རྩ། སྟབས་བདེའི་གནས་ཚུལ་རྒྱུན་ལོན་མཛད་པ་དང་། ཁོ་ཚོས་ཁེ་ལས་ཕྲན་ཆུང་གི་དངུལ་བསྲེས་ཐད་ཀྱི་དཀའ་གནད་ཐག་གཅོད་པ་དང་། མཉམ་འབྲེལ་དྲ་རྒྱ་སོགས་ཀྱི་གསར་གཏོད་མ་དཔེ་བཀོལ་སྤྱོད་བྱེད་པ། ཁེ་ལས་ཕྲན་ཆུང་ལ་དངུལ་བུན་སྟེར་ཚད་ཇེ་མང་དུ་གཏོང་བ་དང་མ་རྩ་ཇེ་དམའ་རུ་གཏོང་བར་ཁས་ལེན་གང་ལེགས་བྱས། ལིས་ཁི་ཆང་གིས་གསུང་རྒྱུར། ལས་ཞུགས་གཏན་འཇགས་སུ་གཏོང་ན་གཙོ་བོར་ཁེ་ལས་ཕྲན་ཆུང་མང་པོར་བརྟེན་དགོས་པ་དང་། ཁེ་ལས་ཕྲན་ཆུང་གི་འཕེལ་རྒྱས་དེ་ཀུན་ཕན་དངུལ་རྩའི་རྒྱབ་སྐྱོར་དང་འབྲལ་ཐབས་མེད། ཀུན་ཕན་དངུལ་རྩ་ནི་རྒྱལ་ཁབ་དང་མི་དམངས་ལ་ཕན་པའི་ལས་དོན་ཆེན་པོ་ཡིན་ལ། མདུན་ལྗོངས་ཧ་ཅང་རྒྱ་ཆེ་ཟེར། ཁོང་གིས་རྒྱལ་དབང་དངུལ་ཁང་ཆེ་རིགས་ཀྱིས་སྣེ་ཁྲིད་དེ་དམངས་གཉེར་ཁེ་ལས་ཕྲན་ཆུང་ལ་ཞབས་ཞུ་སྔར་ལས་བཟང་བོ་འདོན་སྤྲོད་བྱེད་པ་དང་། རྒྱལ་སྤྱིའི་ཉམས་མྱོང་དཔེ་གཞིར་བཟུང་ནས། ཀུན་ཕན་དངུལ་རྩའི་མཚན་བྱང་བཟང་བོ་བསྐྲུན་པ་དང་། ཚོང་རའི་གསོན་ཤུགས་ཡོངས་ཁྱབ་ནས་ཇེ་དྲག་ཏུ་གཏོང་བར་སྐུལ་འདེད་གཏོང་རྒྱུའི་སྐུལ་མ་བཏང་།

བཞུགས་མོལ་ཚོགས་འདུའི་སྟེང་། མི་དམངས་དངུལ་ཁང་དང་དངུལ་ཁང་ཉེན་སྲུང་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་འགན་ཁུར་མི་སྣ་གཙོ་བོས་སྙན་ཞུ་ཕུལ། ལིས་ཁི་ཆང་གིས་དངུལ་རྩ་ལས་ཁུངས་ཀྱི་རྒྱ་ཆེའི་ལས་བཟོ་བས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལག་བསྟར་བྱེད་ཆེད་གྲུབ་འབྲས་ལྡན་པའི་བྱ་བ་མང་པོ་བསྒྲུབས་པར་ཁས་ལེན་གང་ལེགས་བྱས། ཁོང་གིས་གསུང་རྒྱུར། ན་ནིང་གི་ཚུན་ནས། རྙོག་འཛིང་ཆེ་བའི་གནས་བབ་ལ་ཁ་གཏད་དེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོ་འོག ང་ཚོས་གཏན་འཇགས་དང་བདེ་ཐང་གི་དངུལ་ལོར་སྲིད་ཇུས་ལག་བསྟར་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། ཁ་ཕྱོགས་གཏན་ཁེལ་བྱས་ནས་ཚད་གཞི་ཇེ་དམའ་རུ་གཏོང་བ་སོགས་ཀྱི་ཡོ་བྱད་བཀོལ་སྤྱོད་བྱས་ལ། དུས་དང་བསྟུན་ནས་ལེགས་སྒྲིག་བྱས་པ་དང་། ལྷག་པར་དུ་ཁ་གཏད་རང་བཞིན་ལྡན་པའི་བྱེད་ཐབས་ཕྱིར་བཏོན་ནས་ཁེ་ལས་ཕྲན་ཆུང་གི་དངུལ་བསྲེས་དཀའ་བ་སོགས་ཀྱི་གནད་དོན་ཐག་བཅད་པས། ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་དང་ཉེན་ཁ་འགོག་པའི་ཐད་ནས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས། ད་ལོར་དཔལ་འབྱོར་འཕེལ་རྒྱས་ཐད་ནས་མར་ཆག་པའི་གནོན་ཤུགས་དང་འགྲན་རྩོད་མང་པོ་ཐུག་ཡོད་པས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་ལྟར། གཏན་འཇགས་ཁྲོད་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་རྨང་གཞི་རྒྱུན་འཁྱོངས་བྱེད་པ། ཆེ་ཕྱོགས་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་གཏན་འཇགས་རང་བཞིན་རྒྱུན་འཁྱོངས་བྱེད་པ། ཆེ་ཕྱོགས་སྲིད་ཇུས་དུས་འཁོར་ལྡོག་ནས་ལེགས་སྒྲིག་བྱེད་པར་ཤུགས་སྣོན་པ། ཀུན་ཕན་རང་བཞིན་གྱི་དཔྱ་ཁྲལ་ཆག་ཡང་དུ་གཏོང་བ་དང་གྲུབ་ཚུལ་རང་བཞིན་གྱི་དཔྱ་ཁྲལ་ཆག་ཡང་དུ་གཏོང་བའི་བྱེད་ཐབས་ལག་བསྟར་བྱེད་པ། ཁྱོན་ཡོངས་ནས་ཚད་གཞི་ཇེ་དམའ་རུ་གཏོང་བ་དང་ཁ་ཕྱོགས་གཏན་ཁེལ་གྱི་ཚད་གཞི་ཇེ་དམའ་རུ་གཏོང་བ། ཡང་བསྐྱར་དངུལ་བུན་བསྐྱི་བ་སོགས་ཀྱི་སྲིད་ཇུས་བཀོལ་སྤྱོད་བྱེད་པ། དངོས་ཕུང་དཔལ་འབྱོར་དང་ལྷག་པར་དུ་དམངས་གཉེར་ཁེ་ལས་དང་ཁེ་ལས་ཕྲན་ཆུང་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། དཔལ་འབྱོར་བརྟན་བརླིང་དང་བདེ་ཐང་འཕེལ་རྒྱས་སུ་གཏོང་བའི་ཐད་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས་ཟེར།

ལིས་ཁི་ཆང་གིས་གསུང་རྒྱུར། ཀུན་ཕན་དངུལ་རྩའི་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ལག་བསྟར་བྱེད་པ་དང་། དངུལ་ཁང་གི་གྲངས་ཉུང་དངུལ་བུན་གྱི་དཔྱད་ཞིབ་བྱེད་ཐབས་འཐུས་ཚང་དུ་བཏང་ནས། དངུལ་ཁང་གིས་ཀུན་ཕན་དངུལ་རྩ་འཕེལ་རྒྱས་སུ་གཏོང་བའི་སྐུལ་སློང་རྐྱེན་སྲོལ་འཛུགས་དགོས། དངུལ་རྩ་དང་ཆེ་ཕྱོགས་སྲིད་ཇུས་གཞན་པའི་བར་གྱི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་པ་དང་། ཕན་ཡོད་དངུལ་གཏོང་ལ་རྒྱ་སྐྱེད་པ་དང་རྒྱལ་ནང་གི་འཛད་སྤྱོད་ལ་སྐུལ་འདེད་བཏང་སྟེ། དངུལ་རྩའི་ཞབས་ཞུའི་དངོས་ཕུང་དཔལ་འབྱོར་གྱི་ཆུ་ཚད་མཐོར་འདེགས་གཏོང་དགོས་ཟེར།

ལིག་ཧི་དང་ཞའོ་ཅེ། ཧི་ལིས་ཧྥུན་བཅས་རྟོག་ཞིབ་ལ་ཞུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།