ཀྲུང་གོ་བོད་ཀྱི་དྲ་བ།

《ཀྲུང་གོ་གུང་ཁྲན་ཏང་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱི་སྒྲིག་ཁྲིམས་ལག་བསྟར་ལྟ་སྐུལ་ལས་དོན་སྒྲིག་སྲོལ》བཀྲམ་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-01-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས《ཀྲུང་གོ་གུང་ཁྲན་ཏང་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱི་སྒྲིག་ཁྲིམས་ལག་བསྟར་ལྟ་སྐུལ་ལས་དོན་སྒྲིག་སྲོལ》བཀྲམ་པ་དང་སྦྲགས་བརྡ་ཐོ་བཏང་སྟེ། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ནན་ཏན་ངང་དེ་གཞིར་བཟུང་ལག་བསྟར་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

བརྡ་ཐོའི་ནང་བསྟན་དོན། 《སྒྲིག་སྲོལ》ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཏང་གི་སྒྲིག་ཡིག་རྩ་བའི་གཞི་འཛིན་སར་བྱེད་པ། ཏང་གིས་སྒྲིག་ཁྲིམས་ཞིབ་བཤེར་ལས་དོན་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ལ་བརྩི་བ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་སྒྲིག་སྲོལ་སྒྱུར་བཅོས་ཀྱི་རིགས་པའི་གཞུང་ལུགས་དང་། ལག་ལེན། ལམ་ལུགས་བཅས་ཀྱི་གསར་གཏོད་གྲུབ་འབྲས་ལ་ཕྱོགས་སྡོམ། ནང་འདོམས་ལམ་སྲོལ་ལ་ཤུགས་སྣོན་རྒྱག་པ། ལྟ་སྐུལ་གྱི་འགན་འཁྲི་ཞིབ་ཚགས་སུ་གཏོང་བ། ནུས་ཤུགས་ཡོད་རྒུས་ལྷག་བསམ་རྣམ་དག་དང་བློ་བརྟན་འགྱུར་མེད་དང་། འགན་འཁྲི་འཁུར་ཕོད་པ། སྒྲིག་བཀུར་ཁྲིམས་སྲུང་། སྤྱོད་གཙང་གཞུང་དྲང་བཅས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཀྱི་ལས་བྱེད་པའི་དཔུང་ཁག་གཅིག་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།

བརྡ་ཐོའི་ནང་ནན་བཤད་བྱས་དོན། ལྕགས་རྡུང་བར་ཐོ་བ་མཁྲེགས་དགོས། རིམ་ཁག་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན(སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང)གྱིས་ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱས་ཏེ། ཕྱོགས་ཡོངས་ནས་ཏང་གི་ཆབ་སྲིད་འཛུགས་སྐྱོང་དང་། བསམ་བློ་འཛུགས་སྐྱོང་། རྩ་འཛུགས་འཛུགས་སྐྱོང་། སྤྱོད་ཚུལ་འཛུགས་སྐྱོང་། སྒྲིག་ཁྲིམས་འཛུགས་སྐྱོང་བཅས་ལ་སྐུལ་འདེད་གཏོང་བ་དང་འབྲེལ་ལམ་ལུགས་འཛུགས་སྐྱོང་དེའི་ཁྲོད་ཁྱབ་པ་བྱས་ནས་རུལ་རྒོལ་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ《སྒྲིག་སྲོལ》སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས།

བརྡ་ཐོའི་ནང་བླང་བྱ་བཏོན་དོན། རིམ་ཁག་ཏང་ཨུད(ཏང་ཙུའུ)དང་རིམ་ཁག་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷ་(སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང)གྱིས་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་དམ་འཛིན་ཡག་པོ་བྱེད་པ་དང་། 《སྒྲིག་སྲོལ》སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་ཤུགས་སྣོན་རྒྱག་པ། ལག་བསྟར་བྱེད་ཤུགས་མི་འདང་བར་སྐྱོན་བརྗོད་དང་སློབ་གསོ་རྒྱག་པ་དང་། དག་ཐེར་བྱ་རྒྱུར་ལྟ་སྐུལ། སྒྲིག་སྲོལ་དང་སྒྲིག་ཁྲིམས་ཁྲིམས་ལྟར་བཅས་ཀྱི་སྒོ་ནས་འགན་འཁྲི་རྩད་གཅོད་དང་བདའ་འདེད་གཏོང་བ་བཅས་བྱས་ཏེ 《སྒྲིག་སྲོལ》གྱི་གཏན་འབེབས་ཁག་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་དགོས།

《སྒྲིག་སྲོལ》ལ་ཁྱོན་ལེའུ10དང་དོན་ཚན77ཡོད་དེ། 2019ལོའི་ཟླ1ཚེས1ཉིན་ནས་བཟུང་ལག་བསྟར་བྱས་པ་རེད། 2017ལོའི་ཟླ1ཚེས15ཉིན་ཀྲུང་དབྱང་སྒྲིག་ཨུད་ཀྱིས་བཀྲམ་པའི《ཀྲུང་གོ་གུང་ཁྲན་ཏང་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱི་སྒྲིག་ཁྲིམས་ལག་བསྟར་ལྟ་སྐུལ་ལས་དོན་སྒྲིག་སྲོལ(ཚོད་ལྟའི་ལག་བསྟར)》ཆབས་ཅིག་ཏུ་མེད་པ་བཟོ་རྒྱུ་རེད། དེ་གོང་ཁྱབ་བསྒྲགས་བྱས་པའི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་སྒྲིག་ཁྲིམས་ལག་བསྟར་ལྟ་སྐུལ་ལས་དོན་གྱི་འབྲེལ་ཡོད་གཏན་འབེབས་གཞན་དག་སྒྲིག་སྲོལ་དེ་དང་གཅིག་གྱུར་མེད་པ་རྣམས་སྒྲིག་སྲོལ་འདི་གཞིར་བཟུང་ལག་བསྟར་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།