ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་བཅུ་གཉིས་ཀྱི་ཀྲུང་གོར་སྡོད་པའི་གཞུང་ཚབ་པས་ཞིན་ཅང་ལ་ལྟ་སྐོར་དང་འཚམས་འདྲི་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གདན་དྲངས་པ་ལྟར། 2018ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་བརྒྱད་ཉིན་ནས་ཚེས་སུམ་ཅུ་ཉིན་བར། རྒྱལ་ཁབ་བཅུ་གཉིས་ཀྱི་ཀྲུང་གོར་སྡོད་པའི་གཞུང་ཚབ་པ་དང་གཞུང་ཚབ་པའི་འཐུས་ཚབ་མི་སྣ་བཅས་ཞིན་ཅང་ཝུའུ་ལུའུ་མུའུ་ཅི་དང་ཁཱ་ཧྲི། ཧི་ཐེན་སོགས་སུ་སོང་ནས་ལྟ་སྐོར་དང་འཚམས་འདྲི་བྱས།

འཚམས་འདྲིའི་སྐབས་སུ། ཨུ་རུ་སི་དང་ཧ་སག་སི་ཐན། རྒྱ་གར། པ་ཁི་སི་ཐན། ཧིན་རྡུ་ཉི་ཞི་ཡ། མ་ལེ་ཞི་ཡ། ཨ་ཧྥུ་ཧན། ཐེ་གོ ཁུ་ཝེ་ཐི། ཅིར་ཅི་སི་སི་ཐན། ཝུའུ་ཙི་པེ་ཁི་སི་ཐན། ཐ་ཅི་ཁི་སི་ཐན་བཅས་རྒྱལ་ཁབ་ཀྱི་གཞུང་ཚབ་པས། ཞིན་ཅང་གི་སྤྱི་ཚོགས་གཏན་འཇགས་དང་དམངས་ཚིས་ལེགས་བསྒྱུར། དཔལ་འབྱོར་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་གསར་བར་རྒྱུས་ལོན་གཏིང་ཟབ་བྱས་པར་མ་ཟད། ཞིན་ཅང་དབྱི་སི་ལན་ཆོས་ལུགས་སློབ་གླིང་དང་དབྱི་སི་ལན་ཆོས་ཁང་སོགས་སུ་སོང་ནས། ཞིན་ཅང་གི་ཆོས་ལུགས་དད་མོས་རང་དབང་ལ་སྲུང་སྐྱོབ་བྱེད་པའི་གནས་བབ་ལ་ཡུལ་དངོས་ལྟ་ཞིབ་བྱས་པ་དང་། ཁཱ་ཧྲི་དང་ཧི་ཐེན་གཉིས་ཀྱི་ལས་རིགས་རྩལ་ནུས་སློབ་གསོ་གསོ་སྦྱོང་ལྟེ་གནས་ལ་ལྟ་སྐོར་བྱས།

གཞུང་ཚབ་པ་ཚོས་ཀྲུང་གོའི་ཞིན་ཅང་བར་གྱི་རིག་གནས་དང་གནས་སྐོར། དཔལ་འབྱོར་ཉོ་ཚོང་སོགས་ཁྱབ་ཁོངས་མང་པོའི་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་པའི་ཚུལ་བསྟན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།