ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཡིས་ཧྥིན་ལན་གྱི་ཙུང་ཐུང་ཉི་ཉི་སི་ཐོ་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20190116093511JdPB.jpg

ཟླ་དང་པོའི་ཚེས་བཅོ་ལྔ་ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧྥིན་ལན་གྱི་ཙུང་ཐུང་ཉི་ཉི་སི་ཐོ་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དང་པོའི་ཚེས་བཅོ་ལྔ་ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧྥིན་ལན་གྱི་ཙུང་ཐུང་ཉི་ཉི་སི་ཐོ་ལ་མཇལ་འཕྲད་གནང་།

ལིས་ཀྲན་ཧྲུའུ་ཡིས་གསུངས་རྒྱུར། ཀྲུང་གོ་དང་ཧྥིན་ལན་བར་འབྲེལ་བ་བཙུགས་པའི་ཚུན་ལ། དུས་དང་རྣམ་པ་ཀུན་ཏུ་ཕན་ཚུན་ལ་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་ཚུལ་འཛིན་པ། གཉིས་ཕན་མཉམ་ལས་རྒྱུན་འཁྱོངས་བྱས་པས། རིག་གནས་དང་མངའ་ཁོངས། འཕེལ་རྒྱས་ཆུ་ཚད་མི་འདྲ་བའི་རྒྱལ་ཁབ་ཀྱིས་ཞི་བདེ་མཉམ་གནས་དང་མཛའ་མཐུན་འགྲོ་འོང་བྱེད་པའི་དཔེ་སྟོན་དུ་གྱུར་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧྥིན་ལན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བཟང་བོ་བྱེད་པ་དང་། ཀྲུང་གོ་དང་ཧྥིན་ལན་གྱི་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ཀྱི་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་འདོད་ཡོད། ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་གྱིས་ཧྥིན་ལན་གྲོས་ཁང་གི་རིམ་པ་སོ་སོ་དང་མཛའ་མཐུན་འགྲོ་འོང་དང་འབྲེལ་འདྲིས་ཇེ་མང་དུ་གཏོང་བ་དང་། ཁྲིམས་འཛུགས་དང་ལྟ་སྐུལ། རྒྱལ་སྐྱོང་སྲིད་འཛིན་ཐད་ཀྱི་བརྗེ་རེས་གཏིང་ཟབ་ཏུ་སྤེལ་པར་མ་ཟད། དཔལ་འབྱོར་ཉོ་ཚོང་དང་གསར་སྐྲུན། ཁོར་ཡུག་སྲུང་སྐྱོབ། དགུན་ཁའི་ལུས་རྩལ་འགྲན་ཚོགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཉི་ཉི་སི་ཐོ་ཡིས་བཤད་རྒྱུར། ད་ཐེངས་ཀྲུང་གོར་འཚམས་འདྲི་བྱས་པ་བརྒྱུད་དེ་ཧྥིན་ལན་དང་ཀྲུང་གོས་མ་འོངས་པར་ཁ་ཕྱོགས་པའི་རྣམ་པ་གསར་བའི་མཉམ་ལས་གྲོགས་པོའི་འབྲེལ་བའི་ཐད་ནས་གྲུབ་འབྲས་ངོ་མ་ཐོབ་པར་རེ་སྒུག་བྱས་ཡོད། ཧྥིན་ལན་ཕྱོགས་ཀྱིས་ཀྲུང་གོས་ཉིས་སྟོང་ཉེར་གཉིས་ལོའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་བདེ་བླག་ངང་བསྒྲུབ་པར་ནུས་ཤུགས་གང་ཡོད་འདོན་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།