ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཡིས་འགོ་མཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས་ནས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་མ་ཟིན་ཐད་ཀྱི་བསམ་འཆར་ལ་ཉན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20190121233315Z4Bx.jpg

ཟླ་དང་པོའི་ཚེས་ཉེར་གཅིག་ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་འགོ་མཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས་ནས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་མ་ཟིན་ཐད་ནས་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་སོ་སོའི་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣ། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་སྐོར་ཞིག་གི་བསམ་འཆར་ལ་ཉན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཚེས་ཉེར་གཅིག་ཉིན་འགོ་མཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས་ནས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་མ་ཟིན་ཐད་ནས་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་སོ་སོའི་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣ། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་སྐོར་ཞིག་གི་བསམ་འཆར་ལ་ཉན།

བཞུགས་མོལ་ཚོགས་འདུའི་སྟེང་། པེ་ཅིན་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅུ་གཉིས་ཀྱི་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་ལིས་ལེ་སོགས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་བདུན་གྱིས་སྔ་གཞུག་ཏུ་གཏམ་བཤད་པ་དང་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པ་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བར་གདེང་འཇོག་མཐོན་པོ་བྱས་པ་མ་ཟད། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་མ་ཟིན་ལ་སྤྱིར་བཏང་གིས་འཐད་པ་བྱུང་བའི་ཚུལ་བསྟན། 

ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྟེང་གཏན་ཁེལ་བྱས་པའི་འབད་འཐབ་དམིགས་འབེན་དང་མི་དམངས་ཀྱིས་མཛེས་སྡུག་གི་འཚོ་བའི་ཐད་བཅངས་པའི་རེ་བ། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་ལས་འགན་གསར་བ། ཁྲིམས་ལྟར་ཕྱོགས་ཡོངས་ནས་རྒྱལ་ཁབ་སྐྱོང་བའི་རེ་བ་གསར་བ་བཅས་ཀྱིས་དུས་རབས་གསར་བའི་དམངས་ཆེན་བྱ་བའི་ཐད་འགན་འཁྲི་གསར་བ་བསྩལ་པ་དང་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་དང་ས་གནས་ཀྱི་རིམ་པ་སོ་སོའི་དམངས་འཐུས་ཚོགས་ཆེན་གྱིས་མཉམ་དུ་འབད་འཐབ་བྱེད་དགོས། འབྲེལ་འདྲིས་སྔར་ལས་དམ་ཟབ་བྱེད་པ་དང་གཞོགས་འདེགས་དམ་པོ་བྱེད་པ། མཛུབ་སྟོན་ལ་ཤུགས་སྣོན་པ། དུས་རབས་གསར་བས་དམངས་ཆེན་བྱ་བའི་ཐད་བསྩལ་བའི་འགན་འཁྲི་ཕྲག་ཏུ་ལེན་པ། ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག ཁྲིམས་ལྟར་འགན་ནུས་བསྒྲུབ་པ་དང་གསར་སྤེལ་གསར་གཏོད་བྱས་ནས། མཉམ་དུ་དམངས་འཐུས་ཚོགས་ཆེན་ལམ་ལུགས་དང་དམངས་འཐུས་ཚོགས་ཆེན་བྱ་བའི་ཐད་ནས་བབ་བསྟུན་མདུན་སྐྱོད་དང་འཐུས་ཚང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས་ཟེར།

ལིས་ཀྲན་ཧྲུའུ་ཡིས་ནན་གྱིས་བསྟན་དོན། ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པའི་ལོ་དང་། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པ་དང་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་གནད་འགག་གི་ལོ་ཡིན། མིག་སྔར་རྒྱལ་ནང་གི་བཅོས་སྒྱུར་འཕེལ་རྒྱས་དང་གཏན་འཇགས་ཀྱི་ལས་འགན་ཧ་ཅང་ལྕི་བ་དང་། ཕྱི་ཕྱོགས་ཁོར་ཡུག་ཉིན་བཞིན་རྙོག་འཛིང་དུ་འགྱུར་བཞིན་པའི་རྒྱབ་ལྗོངས་འོག རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པ་རྒྱལ་ཁའི་ངང་བསྡུ་བ་དང་བདེ་བླག་ངང་ལེགས་འགྲུབ་འབྱུང་བར་ཁག་ཐེག་བྱེད་པའི་ཐད་དོན་སྙིང་གལ་ཆེན་ལྡན། བསམ་བློ་དང་འགུལ་སྐྱོད་གཉིས་ཏང་ཀྲུང་དབྱང་གིས་གནས་བབ་གལ་ཆེན་ལ་ཚན་རིག་དང་མཐུན་པའི་སྒོ་ནས་དབྱེ་འབྱེད་བྱས་པ་དང་ལས་འགན་གཙོ་བོའི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་དགོས་པ་དང་། གཏན་འཇགས་རྒྱུན་འཁྱོངས་བྱས་ནས། སྟོབས་ཤུགས་གཅིག་བསྡུས་སྒོས་ཚོགས་ཆེན་གྱི་གྲོས་གཞི་དང་སྙན་ཞུ་སྣ་ཚོགས་ལ་གྲོས་ཞིབ་བཟང་བོ་བྱེད་དགོས། དམངས་གཙོ་གཅིག་བསྡུས་ལམ་ལུགས་ཀྱི་རྩ་དོན་ལག་བསྟར་བྱེད་པ་དང་། གྲོས་ཞིབ་གཏིང་ཟབ་བྱེད་པ། གཏམ་བཤད་གང་ལེགས་བྱེད་པ། བསམ་འཆར་འདོན་པ། དྲང་ཕྱོགས་ཀྱི་ནུས་ཚད་གཅིག་ཏུ་བསྡུས་ཏེ། ཏང་ཀྲུང་དབྱང་གིས་སྤྲད་པའི་ཆབ་སྲིད་ལས་འགན་གལ་ཆེན་ཡོངས་འགྲུབ་བྱེད་དགོས་ཟེར། 

ཝང་ཁྲིན་བཞུགས་མོལ་ཚོགས་འདུར་ཞུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།