ཀྲུང་གོ་བོད་ཀྱི་དྲ་བ།

ཞིང་ཆེན་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཚད་མཐའི་བསམ་བློ་རྒྱུན་འཁྱོངས་བྱས་ནས་ཉེན་ཁ་ཆེན་པོ་འགོག་སེལ་བྱེད་པའི་ཆེད་དོན་ཞིབ་སྡུར་འཛིན་གྲྭ་ཀྲུང་དབྱང་ཏང་གི་སློབ་གྲྭ་ནས་གྲོལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20190125094107HFYJ.jpg

 ཟླ1པོའི་ཚེས24ཉིན། ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཚད་མཐའི་བསམ་བློ་རྒྱུན་འཁྱོངས་བྱས་ནས་ཉེན་ཁ་ཆེན་པོ་འགོག་སེལ་བྱེད་པའི་ཆེད་དོན་ཞིབ་སྡུར་འཛིན་གྲྭ་ཀྲུང་དབྱང་ཏང་གི་སློབ་གྲྭ་ནས་གྲོལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་འཛིན་གྲྭ་གྲོལ་བའི་མཛད་སྒོར་ཞུགས་པར་མ་ཟད་སྤྱི་སྡོམ་གསུང་བཤད་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཚད་མཐའི་བསམ་བློ་རྒྱུན་འཁྱོངས་བྱས་ནས་ཉེན་ཁ་ཆེན་པོ་འགོག་སེལ་བྱེད་པའི་ཆེད་དོན་ཞིབ་སྡུར་འཛིན་གྲྭ་ཟླ་དང་པོའི་ཚེས་ཉེར་བཞི་ཉིན་ཀྲུང་དབྱང་ཏང་གི་སློབ་གྲྭ་ནས་གྲོལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་འཛིན་གྲྭ་གྲོལ་བའི་མཛད་སྒོར་ཞུགས་པར་མ་ཟད་སྤྱི་སྡོམ་གསུང་བཤད་གནང་། ཁོང་གིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པ། ཉེན་ཁ་ཆེན་པོ་འགོག་སེལ་བྱེད་པའི་མཁྲེགས་གཏོར་བྱ་བ་བཟང་བོར་བསྒྲུབ་ནས། གྲུབ་འབྲས་བཟང་བོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་དགོས་ཟེར།

ཞིབ་སྡུར་འཛིན་གྲྭ་སྒྲུབ་པའི་སྐབས་སུ། སློབ་མ་ཡོངས་ཀྱིས་སློབ་སྦྱོང་ནན་མོ་དང་ཞིབ་སྡུར་གཏིང་ཟབ་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་མདུན་དུ་ལྷགས་པའི་གནས་ཚུལ་གསར་བ་དང་གནད་དོན་གསར་བ། འགྲན་རྩོད་གསར་བའི་ཐད་ཀྱི་ངོས་འཛིན་གཏིང་ཟབ་ཏུ་བཏང་བ་དང་། ཚོད་འགོག་ནུས་པ་མཐོར་འདེགས་གཏོང་བ་དང་ཉེན་ཁ་ཆེན་པོ་འགོག་སེལ་བྱེད་པའི་ཐད་ཀྱི་རྒྱུས་ལོན་གཏིང་ཟབ་ཏུ་བཏང་བར་མ་ཟད། འགན་འཁྲི་ལག་བསྟར་དང་བྱ་བ་བཟང་བོར་བསྒྲུབ་པའི་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་བཏང་། འཛིན་གྲྭ་གྲོལ་བའི་མཛད་སྒོའི་སྟེང་། ཞིབ་སྡུར་འཛིན་གྲྭའི་འཐུས་ཚབ་མི་སྣ་བཅུ་ཡིས་གཏམ་བཤད་དེ། སློབ་སྦྱོང་གི་གྲུབ་འབྲས་ཡར་ཞུ་དང་བརྗེ་རེས་བྱས།

ཝང་ཧུའུ་ཉིང་གིས་བསྟན་དོན། ཉེན་ཁ་ཆེན་པོ་འགོག་སེལ་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་པ་དང་། ཆབ་སྲིད་སྦྱོང་བརྡར་ལ་ཤུགས་སྣོན་པ་དང་སྲུང་སྐྱོབ་གཉིས་ཇེ་དྲག་ཏུ་གཏོང་བའི་རང་རྟོགས་རང་བཞིན་དང་བརྟན་བརླིང་རང་བཞིན་ཐད་ནས་བྱ་བ་བསྒྲུབ་པ་དང་གྲུབ་འབྲས་བླངས་ནས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱེད་དགོས། ཉེན་ཁའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ཚད་མཐའི་བསམ་བློ་རྒྱུན་འཁྱོངས་བྱེད་པའི་ཐད་ནས་བྱ་བ་བསྒྲུབ་པ་དང་གྲུབ་འབྲས་བླངས་ཏེ། རང་འགུལ་གྱིས་བྱ་བ་བཟང་བོར་བསྒྲུབ་དགོས། ཉེན་ཁ་འགོག་སེལ་བྱེད་པའི་ནུས་པ་མཐོར་འདེགས་གཏོང་བའི་ཐད་ནས་བྱ་བ་བསྒྲུབ་པ་དང་གྲུབ་འབྲས་བླངས་ནས། ཉེན་ཁ་མཐོང་བ་དང་ཉེན་ཁར་རྒྱུས་ལོན་བྱེད་པ། ཉེན་ཁ་སེལ་བའི་ནུས་པ་ཇེ་དྲག་ཏུ་གཏོང་དགོས། འཐབ་རྩོད་སྙིང་སྟོབས་རྒྱུན་འཁྱོངས་དང་ཁག་ཁུར་ཕོད་པའི་ཐད་ནས་བྱ་བ་བསྒྲུབ་པ་དང་གྲུབ་འབྲས་ལེན་དགོས། ཉེན་ཁ་ཚོད་འགོག་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བའི་ཐད་ནས་བྱ་བ་བསྒྲུབ་པ་དང་གྲུབ་འབྲས་བླངས་ཏེ། བྱ་བ་དམ་འཛིན་ནན་མོ་བྱེད་པར་འགན་སྲུང་བྱེད་དགོས། ཉེན་ཁ་ཆེན་པོ་འགོག་སེལ་བྱེད་པའི་འགོ་ཁྲིད་འགན་འཁྲི་ལག་བསྟར་བྱེད་པའི་ཐད་ནས་བྱ་བ་བསྒྲུབ་པ་དང་གྲུབ་འབྲས་བླངས་ནས། འགན་འཁྲིའི་འབྲེལ་ཐག་ཆ་ཚང་བ་གྲུབ་པར་བྱེད་དགོས་ཟེར།

ཁྲིན་ཞི་ཡིས་འཛིན་གྲྭ་གྲོལ་བའི་མཛད་སྒོར་འགོ་མཛིན་བྱས་པ་དང་། ཧོང་ཁུན་མིང་འཛིན་གྲྭ་གྲོལ་བའི་མཛད་སྒོར་ཞུགས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།