ཀྲུང་གོ་བོད་ཀྱི་དྲ་བ།

རིག་གནས་དང་ཡུལ་སྐོར་པུས་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་ཀྱི་ལས་དོན་བཀོད་སྒྲིག་བྱས་ཏེ་སྤྲོ་སྣང་ལྡན་པའི་ལོ་གསར་ཞིག་གཏོང་དུ་འཇུག་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-02-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། “ཉེ་བའི་ལོ་ཤས་རིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འཚོ་བའི་ཆུ་ཚད་རྒྱུན་མཐུད་དང་མགྱོགས་མྱུར་ལེགས་སུ་ཕྱིན་པ་དང་། གྲོང་མིའི་རིག་གནས་དང་ཡུལ་སྐོར་གྱི་འཛད་སྤྱོད་རྒྱུན་མཐུད་རྒྱ་ཆེར་ཕྱིན་ནས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་དགོས་མཁོ་སྐོང་བའི་འཇོན་ཐང་ཉིན་རེ་བཞིན་མངོན་གསལ་དོད་དུ་ཕྱིན་པ་མ་ཟད། ལས་རྣམ་གསར་པ་དང་འཛད་སྤྱོད་བྱེད་སྟངས་གསར་པ་མང་པོ་ཞིག་ཀྱང་མངོན་ཡོད”ཅེས་ཚེས30ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་སྐོང་ཚོགས་བྱས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུར་རིག་གནས་དང་ཡུལ་སྐོར་པུའི་ཏང་ཙུའི་ཁོངས་མི་ཝང་ཞའོ་ཧྥེང་གིས་ངོ་སྤྲོད་བྱས།

རིག་གནས་དང་ཡུལ་སྐོར་པུས་ཉེ་ཆར《དཔྱིད་གསར་དུས་ཆེན་དང་དུས་ཆེན་རྗེས་ཀྱི་ཐོན་རྫས་དང་ཞབས་ཞུའི་མཁོ་སྤྲོད་ཕུན་སུམ་ཚོགས་སུ་བཏང་སྟེ་མི་དམངས་མང་ཚོགས་ཀྱི་རིག་གནས་དང་ཡུལ་སྐོར་གྱི་དགོས་མཁོ་སྐོང་རྒྱུའི་འབྲེལ་ཡོད་ལས་དོན་སྐོར་གྱི་བརྡ་ཐོ》བཀྲམ་ནས་དཔྱིད་གསར་དུས་ཆེན་དང་དུས་ཆེན་རྗེས་ཀྱི་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་ཀྱི་ལས་དོན་ཡག་པོ་ཏན་ཏིག་བསྒྲུབ་པར་བཀོད་སྒྲིག་བྱས་པ་རེད།

“དཔྱིད་གསར་དུས་ཆེན་རིང་། རིག་གནས་དང་ཡུལ་སྐོར་སྡེ་ཚན་གྱིས་ཐོན་རྫས་མཁོ་སྤྲོད་ཕུན་སུམ་ཚོགས་སུ་བཏང་ནས། ས་གནས་ཁག་གི་རིག་གནས་དང་ཡུལ་སྐོར་སྲིད་འཛིན་སྡེ་ཚན་ལ་མངོན་མིན་རིག་གནས་ཤུལ་བཞག་ཏུ་ལོ་གསར་གཏོང་བ་དང་། གྲོང་གསེབ་ཏུ་ཟློས་གར་འཁྲབ་པ། ལོ་གསར་གྱི་རི་མོ་དཔྱིད་གསར་དུས་ཆེན་ལ་མངོན་པར་བྱེད་པ། ཚོགས་མཆོད་དང་སྒྲོན་ཚོགས་སོགས་རིག་གནས་བྱེད་སྒོ་སྤེལ་བར་རྒྱབ་སྐྱོར་དང་མཛུབ་ཁྲིད་བྱས་ནས་དཔྱིད་གསར་དུས་ཆེན་ལ་ལོ་གསར་གྱི་རྣམ་པ་དེ་བས་ཟབ་པ་དང་། དཔྱིད་གསར་དུས་ཆེན་རིང་ཡུལ་སྐོར་ཐོན་རྫས་སྤུས་ལེགས་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ། ཡུལ་སྐོར་ཐོན་རྫས་བརྐྱང་བསྐུམ་རང་བཞིན་ལྡན་པའི་སྒོ་ནས་མཁོ་སྤྲོད་བྱེད་པ། འཁྲབ་སྟོན་ཁྲོམ་རའི་མཁོ་སྤྲོད་ཕུན་སུམ་ཚོགས་སུ་གཏོང་བ། རིག་གནས་རོལ་རྩེད་བྱ་ཡུལ་དུ་ཁྱད་ལྡན་བྱེད་སྒོ་སྤེལ་བར་ཁྲིད་སྟོན་སོགས་བྱས་ནས་མི་སེར་རྣམས་ལ་འགྲོ་ས་ཡོད་པ་བྱེད་ཀྱི་ཡིན”ཞེས་ཝང་ཞའོ་ཧྥེང་གིས་བཤད།

འཛད་སྤྱོད་ཀྱི་རྣམ་པ་གཏོད་པར་རིག་གནས་དང་ཡུལ་སྐོར་པུས་ས་གནས་ལ་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་དུས་ཚིགས་དང་འཛད་སྤྱོད་ཟླ་བ་སོགས་ཀྱི་དམངས་ཕན་བྱེད་སྒོ་སྤེལ་བར་མཛུབ་ཁྲིད་དང་། ཡུལ་སྐོར་མཛེས་ལྗོངས་ཁུལ་དང་། ཞག་སྡོད་བཟའ་བཏུང་། དྲ་ཐོག་ཡུལ་སྐོར་ཁེ་ལས་སོགས་ལ་དྲིལ་བསྒྲགས་འོས་སྦྱོར་བྱེད་པར་ཤུགས་སྣོན་རྒྱག་པ་དང་གཟིགས་སྐྱོང་བྱེད་ཐབས་སྤྱོད་པར་ཁྲིད་སྟོན་བྱས་ནས་རིམ་ཁག་གི་སྤྱི་པའི་རིག་གནས་སྒྲིག་གཞིས་དཔྱིད་གསར་དུས་ཆེན་གྱི་འབྲེལ་ཡོད་འགྲེམས་སྟོན་དང་། འཁྲབ་སྟོན། ཆེད་དོན་འཆད་ཁྲིད་སོགས་ཀྱི་བརྗོད་བྱ་གཙོ་བོའི་དུས་སྟོན་བྱེད་སྒོ་སྤེལ་རྒྱུ་རེད།

ཚུལ་མིན་གྱི་ཡུལ་སྐོར་དོན་རྐྱེན་དང་ཡུལ་སྐོར་གྱི་བདེ་འཇགས་དོན་རྐྱེན་ལ་དམིགས་ནས། ཝང་ཞའོ་ཧྥེང་གིས་དཔྱིད་གསར་དུས་ཆེན་རིང་། རིག་གནས་དང་ཡུལ་སྐོར་པུས་བྱེད་ཐབས་ནུས་ལྡན་སྤྱད་དེ་རིག་གནས་དང་ཡུལ་སྐོར་གྱི་གུང་གསེང་ཉིན་མོའི་ཁྲོམ་རའི་བདེ་འཇགས་གོ་རིམ་ལྡན་པར་འགན་ལེན་ནུས་ལྡན་བྱ་རྒྱུ་དང་། སྔ་རྗེས་སུ་རྒྱལ་མཚམས་ནས་ཐོན་པའི་ཡུལ་སྐོར་དང་ཆུ་དང་འབྲེལ་བ་ཡོད་པའི་བྱེད་སྒོ་སོགས་ཀྱི་བདེ་འཇགས་ཀྱི་དྲན་སྐུལ་ཡོངས་བསྒྲགས་བྱས་ནས་ཡུལ་སྐོར་བར་བདེ་འཇགས་ལྡན་པའི་ངང་ཕྱིར་སྐྱོད་དང་ཤེས་དཔལ་ལྡན་པའི་ངང་ཡུལ་སྐོར་བྱེད་པར་ཁྲིད་སྟོན་བྱས་པ་མ་ཟད། དྲ་ཐོག་གི་ཡུལ་སྐོར་ཁེ་ལས་ལ“རང་མོས་བྱ་སྤྱོད”ཀྱི་ཐོན་རྫས་བྲིན་ཚོང་བྱེད་སྐབས་ཡུལ་སྐོར་དང་ཕྱི་འབྲེལ་སྡེ་ཚན་གྱི་བདེ་འཇགས་ཀྱི་ཉེན་ཁའི་དྲན་སྐུལ་གསལ་སྟོན་བྱེད་དགོས་པའི་བླང་བྱ་བཏོན་ཡོད་ཅེས་བཤད།

རིག་གནས་དང་ཡུལ་སྐོར་པུའུ་ཐོན་ཁུངས་གསར་སྤེལ་སིའི་འགན་ཁུར་བ་ཀྲང་ཅེ་ལིན་གྱིས་ད་ལོའི་དཔྱིད་གསར་དུས་ཆེན་རིང་རིག་གནས་དང་ཡུལ་སྐོར་པུས་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་མང་ཚོགས་ཡུལ་སྐོར་དུ་སྐྱོད་པའི་མྱོང་ཚོར་ཟབ་ཏུ་གཏོང་གི་ཡིན་ཞེས་བཤད།

ཀྲང་ཅེ་ལིན་གྱིས“སྤྱི་པའི་ཆ་འཕྲིན་ཞབས་ཞུར་ང་ཚོས་ས་གནས་ཀྱི་རིག་གནས་དང་ཡུལ་སྐོར་སྡེ་ཚན་ལ་དཔྱིད་གསར་དུས་ཆེན་གྱི་ཡུལ་སྐོར་འཛད་སྤྱོད་ཕྱོགས་སྟོན་ཡོངས་བསྒྲགས་བྱས་ནས། ཡུལ་སྐོར་བར་ཕྱིར་མ་བསྐྱོད་གོང་འབྲེལ་ཡོད་ཆ་འཕྲིན་རག་ཅིང་ལུགས་དང་མཐུན་པའི་སྒོ་ནས་ཡུལ་སྐོར་བྱ་ཡུལ་དང་ཡུལ་སྐོར་ལམ་ཐིག་འདེམས་རྒྱུར་ཁྲིད་སྟོན་བྱ་རྒྱུ་དང་། གུང་གསེང་དང་སྤྲོ་གསེང་གི་ཐོན་རྫས་དང་ལྷག་པར་དུ་དམངས་སྲོལ་ཡུལ་སྐོར་ཐོན་རྫས་དྲིལ་བསྒྲགས་འོས་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་མི་རྣམས་ལ་དེ་བས་གདམ་ག་མང་བའི་ཡུལ་སྐོར་བྱེད་ཐུབ་པ་བྱེད་ཀྱི་ཡིན”ཞེས་བཤད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།