ཀྲུང་གོ་བོད་ཀྱི་དྲ་བ།

བདེན་འཚོལ་དུས་དེབ་སྟེང་ཞི་ཅིན་ཕིང་གི་རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་པའི་རྩོམ་ཡིག་གལ་ཆེན་ཞིག་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གཉིས་པའི་ཚེས་གཅིག་ཉིན་པར་བསྐྲུན་བྱས་པའི་བདེན་འཚོལ་དུས་དེབ་གསུམ་པའི་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་པའི་རྩོམ་ཡིག་གལ་ཆེན་ཞིག་བཀོད།

རྩོམ་ཡིག་ནང་བསྟན་དོན། དུས་རབས་གསར་བར་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་སྐབས་ངེས་པར་དུ་གཤམ་གྱི་རྩ་དོན་འགའ་རྒྱུན་འཁྱོངས་བྱེད་དགོས། གཅིག མི་དང་རང་བྱུང་འཆམ་མཐུན་མཉམ་གནས་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། གཉིས། ཆུ་དྭངས་རི་སྔོ་གསེར་དངུལ་རི་ལས་ལྷག གསུམ། སྐྱེ་ཁམས་ཁོར་ཡུག་ལེགས་པ་ནི་ཆེས་ཀུན་ཕན་གྱི་དམངས་ཚིས་བདེ་སྐྱིད་ཡིན། བཞི། རི་ཆུ་ནགས་གསུམ་དང་ཞིང་དང་མཚོའུ་རྩྭ་ཐང་ནི་ཚེ་སྲོག་གི་ཐུན་མོང་ཚོགས་པ་ཡིན། ལྔ། ཆེས་ནན་ཏན་ཡིན་པའི་ལམ་ལུགས་དང་ཆེས་གཟབ་ནན་ཡིན་པའི་ཁྲིམས་སྐྱོང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས། དྲུག འཛམ་གླིང་ཡོངས་ཀྱི་སྐྱེ་ཁམས་དཔལ་འབྱོར་འཛུགས་སྐྲུན་ལ་མཉམ་དུ་ཇུས་འགོད་དང་ལག་བསྟར་བྱེད་དགོས་ཟེར།

རྩོམ་ཡིག་ནང་བསྟན་དོན། བཙོག་བཟོ་འགོག་བཅོས་མཁྲེགས་གཏོར་འཐབ་ཇུས་ལག་བསྟར་བྱེད་པའི་དུས་ཚོད་ཐུང་ལ་ལས་འགན་ལྕི་བ་དང་དཀའ་ཚེགས་ཆེ་བས། ངེས་པར་དུ་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་ཞིང་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། བློ་ཐག་རྦད་ཆོད་སྒོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཆབ་སྲིད་འགན་འཁྲི་དང་ལེན་བྱེད་དགོས་ལ། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་དང་དངོས་འབེབས་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་མཛེས་པའི་ཀྲུང་གོའི་འཛུགས་སྐྲུན་ཐད་ལ་རྣམ་པ་གསར་བ་གསར་སྐྲུན་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།