ཀྲུང་གོ་བོད་ཀྱི་དྲ་བ།

ཀྲང་ཡུག་ཞ་ཡིས་བཅིངས་འགྲོལ་དམག་གསར་འགྱུར་བརྒྱུད་གཏོང་ལྟེ་གནས་དང་བཅིངས་འགྲོལ་དམག་རིག་གནས་སྒྱུ་རྩལ་ལྟེ་གནས་ཀྱི་བྱ་བར་རྟོག་ཞིབ་བྱས

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གཉིས་པའི་ཚེས་གསུམ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཀྲང་ཡུག་ཞ་ཡིས་བཅིངས་འགྲོལ་དམག་གསར་འགྱུར་བརྒྱུད་གཏོང་ལྟེ་གནས་དང་བཅིངས་འགྲོལ་དམག་རིག་གནས་སྒྱུ་རྩལ་ལྟེ་གནས་ཀྱི་བྱ་བར་རྟོག་ཞིབ་བྱས་པར་མ་ཟད། ཀྲུའུ་ཞི་ཞི་ཅིན་ཕིང་དང་དམག་དོན་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་གཞན་དག་གི་ཚབ་བྱས་ཏེ་དམག་དཔུང་ཡོངས་ཀྱི་གསར་འགྱུར་བྱ་བ་སྒྲུབ་མཁན་དང་རིག་གནས་སྒྱུ་རྩལ་བྱ་བ་སྒྲུབ་མཁན་ལ་ལོ་སར་གྱི་བཀྲ་ཤིས་བདེ་ལེགས་ཞུས། ཁོས་བསྟན་དོན། ཞི་ཅིན་ཕིང་གི་སྟོབས་ལྡན་དམག་དཔུང་གི་བསམ་བློའི་གཞི་རྩའི་མཛུབ་སྟོན་གོ་གནས་བརྟན་པོར་ཆགས་པར་བྱེད་པ་དང་དུས་དང་རྣམ་པ་ཀུན་ཏུ་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཐབས་ཇུས་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་རྒྱུན་འཁྱོངས་བྱེད་དགོས་ལ། གསར་སྐྲུན་འཕེལ་རྒྱུས་ལ་མུ་མཐུད་དུ་སྐུལ་འདེད་བཏང་ནས་དམག་དཔུང་སྟོབས་ལྡན་དང་དམག་དཔུང་དར་རྒྱས་སུ་འགྲོ་བར་སྟོབས་དང་ལྡན་པའི་རིག་གནས་གླེང་ཕྱོགས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་དགོས་ཟེར།

ཀྲང་ཡུག་ཞ་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསར་འགྱུར་གླེང་ཕྱོགས་བྱ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། སྐུ་དངོས་སུ་མཛུབ་སྟོན་བྱས་པ་དང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་སྟེ་དུས་རབས་གསར་བའི་གསར་འགྱུར་གླེང་ཕྱོགས་བྱ་བ་བཟང་བོར་བསྒྲུབ་པར་གཞི་རྩའི་བསྲུང་བྱ་འདོན་སྤྲོད་བྱས། བཅིངས་འགྲོལ་དམག་གསར་འགྱུར་བརྒྱུད་གཏོང་ལྟེ་གནས་ནི་ཏང་དང་དམག་དཔུང་གི་བསམ་བློའི་གླེང་ཕྱོགས་ཀྱི་གཡུལ་ས་གཙོ་བོ་ཞིག་ཡིན་པའི་ཆ་ནས་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་དང་གླེང་ཕྱོགས་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ནས་གསར་འགྱུར་བརྒྱུད་གཏོང་གི་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་གཏོང་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།