ཀྲུང་གོ་བོད་ཀྱི་དྲ་བ།

ཡར་བརྩོན་གྱི་དུས་སྐབས་གསར་བའི་ལོ་སར་གྱི་དཔལ་ལ་མཉམ་དུ་རོལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཁང་གི་ཉིས་སྟོང་བཅུ་དགུ་ལོའི་ལུགས་རྙིང་ལོ་སར་དུས་ལྟར་མང་ཚོགས་ཀྱི་གཟིགས་མོར་ཕུལ། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཁང་བཙུགས་རྗེས་ཀྱི་ལོ་སར་དགོང་ཚོགས་ཐོག་མ་ཡིན་པའི་ཆ་ནས། འཆམ་མཐུན་དང་དྲོད་ཁོད། སྤྲོ་སྐྱིད་བཅས་ཀྱི་སྣང་ཚུལ་ཁྲོད་སྤྱི་ཚོགས་ཀྱི་དྲང་ནུས་དང་རྒྱལ་ཁབ་ཀྱི་བརྩེ་སེམས་དྲོན་མོ་བརྒྱུད་སྒྲོག་བྱས། རྒྱལ་ཁབ་ཕྱི་ནང་གི་ལྟད་མོ་བའི་གཞི་རྒྱ་མི་ཐེར་འབུམ་གཅིག་དང་དུང་ཕྱུར་གཅིག་ལ་བསླེབས་པ་དང་། སྤྱིའི་གཟེངས་བསྟོད་ཀྱི་ཚད་བརྒྱ་ཆའི་གོ་དྲུག་དང་གྲངས་ཆུང་དགུ་བརྒྱད་ལ་བསླེབས་ཏེ། ཉེ་བའི་ལོ་འགའི་རིང་ལ་ལྟད་མོ་བའི་དགའ་བསུ་ཆེས་ཆེར་ཐོབ་པའི་དགོང་ཚོགས་ཤིག་ཏུ་གྱུར། 

ད་ལོའི་དགོང་ཚོགས་ཀྱི་བརྗོད་སྙིང་ནི་ཡར་བརྩོན་གྱི་དུས་སྐབས་གསར་བའི་ལོ་སར་གྱི་དཔལ་ལ་མཉམ་དུ་རོལ་ཞེས་པ་དེ་རེད། པེ་ཅིང་གི་ཀྲུང་དབྱང་བརྙན་འཕྲིན་ཁང་གི་ཚོགས་ར་གཙོ་བོ་ལས་གཞན། ཅིན་ཀང་རི་བོ་དང་། ཧྲིན་ཀྲིན། ཁྲང་ཁྲོན་བཅས་ས་ཁུལ་གསུམ་དུ་སོ་སོར་ཡན་ལག་ཚོགས་ར་བཙུགས་ཡོད།

ད་ལོའི་ལོ་སར་དགོང་ཚོགས་ཀྱི་སྒྱུ་རྩལ་རིགས་སྣ་ཕུན་སུམ་ཚོགས་པ་དང་། ནང་དོན་དང་རྣམ་པ་སྣ་ཚོགས་སུ་མངོན། བཞད་གར་དག་དམངས་འཚོ་ལ་དམ་དུ་འབྲེལ་ཡོད། ད་ལོའི་དགོང་ཚོགས་ཀྱི་དམིགས་བསལ་ཇུས་འགོད་ལྟར། སྔོན་ཐོན་དཔེ་ལེགས་མི་སྣ་དང་དུས་རབས་ཀྱི་དཔེ་ལེགས་ཅན་གདན་དྲངས་ནས་རྒྱལ་ཡོངས་མི་དམངས་ལ་ལོ་སར་གྱི་རྟེན་འབྲེལ་ཞུས། ད་ལོའི་དགོང་ཚོགས་ཀྱི་ཁྱད་ཆོས་ཤིག་ནི་ཕྱོགས་ཡོངས་ལ་ཁྱབ་པའི་ལག་རྩལ་གསར་གཏོད་ཀྱིས་སྔ་ན་མེད་པའི་མིག་ཤེས་ཀྱི་མྱོང་བ་ཁྱད་པར་བ་ཞིག་ཀུན་གྱི་ལྟད་མོར་ཕུལ་ཡོད། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཁང་གིས་ཀྲུང་དབྱང་བརྙན་འཕྲིན་ཁང་དང་ཀྲུང་དབྱང་རྒྱང་སྒྲོག་ཁང་། རྒྱལ་ཡོངས་ཀྱི་རྒྱང་སྒྲོག་བརྙན་འཕྲིན་སོ་སོའི་འཕྲིན་ལམ་གྱི་ཁྱད་སྟོབས་འདོན་སྤེལ་ནས་དྲིལ་སྒྲོག་གང་ལེགས་བྱས་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།