ཀྲུང་གོ་བོད་ཀྱི་དྲ་བ།

ལིག་ཧྲི་རོང་གིས་ཚན་རྩལ་དབུལ་སྐྱོར་བྱ་བ་དེ་ལོ་མཇུག་གི་དཔྱད་ཞིབ་དང་བྱ་དགའ་སྟེར་བའི་ནང་དོན་དུ་འཇོག་ངེས་ཡིན་ཞེས་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གོ་ནགས་ལས་ཚན་རིག་ཞིབ་འཇུག་གླིང་གི་ཡོན་ཀྲང་ལིག་ཧྲི་རོང་གིས་བཤད་རྒྱུར། ནགས་ལས་ཚན་རིག་ཞིབ་འཇུག་གླིང་གིས་ད་ལོར་ཚན་རྩལ་དབུལ་སྐྱོར་བྱ་བ་དེ་ལོ་མཇུག་གི་དཔྱད་ཞིབ་དང་བྱ་དགའ་སྟེར་བའི་ནང་དོན་དུ་བཞག་སྟེ་ཚན་ཞིབ་མི་སྣ་དེའི་ཁྲོད་དུ་ཞུགས་པའི་བརྩོན་སེམས་ཆེར་བསྐྱེད་བྱེད་ངེས་ཡིན་ཟེར།

ལིག་ཧྲི་རོང་གིས་ཀྲུང་གོ་ནགས་ལས་ཚན་རིག་ཞིབ་འཇུག་གླིང་གི་ཉིས་སྟོང་བཅུ་དགུ་ལོའི་བྱ་བའི་གྲོས་ཚོགས་སྟེང་བཤད་རྒྱུར། ཞིབ་འཇུག་གླིང་དང་ས་གནས་བར་གྱི་ཚན་རྩལ་མཉམ་ལས་རྒྱ་ཆེར་སྤེལ་བ་དང་ཆེད་མཁས་པའི་སྟོབས་ཤུགས་གཅིག་བསྡུས་བྱས་ཏེ། རང་འགུལ་སྒོས་དབུལ་སྐྱོར་ས་ཁུལ་དུ་སོང་ནས་ས་གནས་མང་ཚོགས་ལ་ཚན་རིག་དྲིལ་སྒྲོག་བྱེད་པ་དང་ཚན་རྩལ་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ཟེར།

རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ཀྱི་ཅུའུ་ཀྲང་གཞོན་པ་ཕིན་ཡུག་ཏུང་གིས་བཤད་རྒྱུར། ད་ལོར་ནགས་ལས་ཚན་རྩལ་གྲུབ་འབྲས་དེ་དབུལ་ཕོངས་རྫོང་དུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་སུ་འཇུག་དགོས་ལ། རྣམ་པ་མང་ཞིང་ཐབས་ལམ་མང་པོར་བརྟེན་ནས་ནགས་ལས་ཚན་རྩལ་གྱི་གནད་ཕིགས་དབུལ་སྐྱོར་ལ་སྐུལ་འདེད་བཏང་ནས་ཞང་སྡེ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པར་ཞབས་ཕྱི་བཟང་བོ་བསྒྲུབ་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།