ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཟླ་བའི་གོ་ལའི་རྩད་ཞིབ་བཟོ་སྐྲུན་ཟླ་བའི་ལྷ་མོ་བཞི་པའི་ལས་འགན་གྱི་ཞིབ་འཇུག་དང་ཚོད་ལྟའི་ཁྲོད་ཞུགས་པའི་མི་སྣའི་འཐུས་ཚབ་པར་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20190221094552wHQp.jpg

ཟླ་གཉིས་པའི་ཚེས་ཉི་ཤུ་ཉིན། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན་བཅས་ཀྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཟླ་བའི་གོ་ལའི་རྩད་ཞིབ་བཟོ་སྐྲུན་ཟླ་བའི་ལྷ་མོ་བཞི་པའི་ལས་འགན་གྱི་ཞིབ་འཇུག་དང་ཚོད་ལྟའི་ཁྲོད་ཞུགས་པའི་མི་སྣའི་འཐུས་ཚབ་པར་མཇལ་འཕྲད་གནང་།

201902210946082zFn.jpg

ཟླ་གཉིས་པའི་ཚེས་ཉི་ཤུ་ཉིན། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན་བཅས་ཀྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཟླ་བའི་གོ་ལའི་རྩད་ཞིབ་བཟོ་སྐྲུན་ཟླ་བའི་ལྷ་མོ་བཞི་པའི་ལས་འགན་གྱི་ཞིབ་འཇུག་དང་ཚོད་ལྟའི་ཁྲོད་ཞུགས་པའི་མི་སྣའི་འཐུས་ཚབ་པར་མཇལ་འཕྲད་གནང་།

20190221094626e7Aq.jpg

འདི་ནི་ཞི་ཅིན་ཕིང་གིས་ཚོགས་ཐོག་ཏུ་གསུངས་བཤད་གནང་བའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་ཉི་ཤུ་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཟླ་བའི་གོ་ལའི་རྩད་ཞིབ་བཟོ་སྐྲུན་ཟླ་བའི་ལྷ་མོ་བཞི་པའི་ལས་འགན་གྱི་ཞིབ་འཇུག་དང་ཚོད་ལྟའི་ཁྲོད་ཞུགས་པའི་མི་སྣའི་འཐུས་ཚབ་པར་མཇལ་འཕྲད་གནང་། ཁོང་གིས་ནན་གྱིས་བསྟན་དོན། བར་སྣང་ཁམས་སུ་རྟོག་ཞིབ་བྱེད་པ་དེ་ནམ་ཡང་ཚར་སོང་བའི་དུས་ཤིག་མེད་པས། རང་རྒྱལ་གྱི་རྒྱ་ཆེའི་ཚན་རྩལ་ལས་དོན་པ་དང་། མཁའ་སྐྱོད་ལས་དོན་པས་ཟླ་བའི་གོ་ལའི་རྩད་ཞིབ་བཟོ་སྐྲུན་གྱི་སྤྱིའི་དམིགས་འབེན་མངོན་འགྱུར་བྱེད་ཆེད་མུ་མཐུད་དུ་མདུན་སྐྱོད་བྱས་ནས། འཛམ་གླིང་གི་མཁའ་སྐྱོད་ལས་དོན་འཕེལ་རྒྱས་སུ་གཏོང་བར་མུ་མཐུད་དུ་འབད་བརྩོན་བྱེད་པ་དང་། མིའི་རིགས་ཀྱིས་བར་སྣང་ཁམས་ཞི་བས་བཀོལ་སྤྱོད་བྱེད་པ་དང་། མིའི་རིགས་ཀྱི་ལས་སྐལ་གཅིག་འབྲེལ་གྱི་ཐུན་མོང་ཚོགས་པ་འཛུགས་པར་ཀྲུང་གོ་བློ་གྲོས་དང་ཀྲུང་གོའི་ཐབས་ཇུས། ཀྲུང་གོའི་སྟོབས་ཤུགས་སྔར་ལས་མང་པོ་འབུལ་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཁི་ཆང་དང་ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན་བཅས་མཇལ་འཕྲད་ལ་ཞུགས།

མི་དམངས་ཚོགས་ཁང་ཆེན་མོའི་གསེར་ལྡན་ཚོམས་ཆེན་དུ་གློག་འོད་རྣམ་པར་བཀྲ་བ་དང་དགའ་སྤྲོའི་དཔལ་གྱིས་ཁེངས་ཡོད། ཕྱི་དྲོའི་དུས་ཚོད་གསུམ་དང་ཕྱེད་ཀའི་སྟེང་། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་བློ་མཐུན་ཞིབ་འཇུག་དང་ཚོད་ལྟའི་ཁྲོད་དུ་ཞུགས་པའི་མི་སྣའི་འཐུས་ཚབ་པའི་ཁྲོད་དུ་ཐོན་པ་ན། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲས་ཁེངས། ཞི་ཅིན་ཕིང་གིས་ཚང་མར་དགའ་སྤྲོའི་ཕྱག་འཇུ་གནང་བ་དང་བརྩེ་བའི་གསུང་གླེང་མཛད་ནས། ཁོ་ཚོའི་བྱ་བ་དང་འཚོ་བའི་གནས་ཚུལ་ཞིབ་འདྲི་གནང་བར་མ་ཟད། ཚང་མ་དང་མཉམ་དུ་དྲན་རྟེན་གྱི་མཉམ་པར་བསྐྱོན།

སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་དུ། ཞི་ཅིན་ཕིང་གིས་གསུངས་བཤད་གལ་ཆེན་གནང་། ཁོང་གིས་ཐོག་མར་རང་རྒྱལ་གྱི་མཁའ་སྐྱོད་ལས་དོན་འཕེལ་རྒྱས་ཀྱི་ཐད་ལོ་རྒྱུས་རང་བཞིན་གྱི་བྱས་རྗེས་བཞག་པའི་བློ་མཐུན་ཡོངས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་བྱས་པ་དང་། ཟླ་བའི་ལྷ་མོ་བཞི་པའི་ལས་འགན་ཕུན་སུམ་ཚོགས་པའི་ངང་ཡོངས་འགྲུབ་བྱེད་པར་བྱས་རྗེས་འབུར་ཐོན་བཞག་པའི་ཞིབ་འཇུག་ཚོད་ལྟ་མི་སྣར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས། ཞི་ཅིན་ཕིང་གིས་ཁྱོད་ཚོས་ཚན་རྩལ་གྱི་ཡང་རྩེར་སྙེག་པ་དང་འཇིག་རྟེན་གྱི་གསང་བ་བརྟོལ་བའི་ཐད་བཞག་པའི་ཁྱད་དུ་འཕགས་པའི་བྱས་རྗེས་དེ། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་བཅས་ཀྱིས་དུས་རབས་གསར་པར་འབད་འཐབ་བྱེད་པ་དང་བགྲོད་ལམ་གསར་པ་གསར་གཏོད་བྱེད་པར་སྐུལ་མ་གཏོང་བར་དཔེ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན་ལ། མེས་རྒྱལ་དང་མི་དམངས་ཀྱིས་ཁྱོད་ཚོར་བཀའ་དྲིན་ཞུ་བཞིན་ཡོད་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ལོ་ལྔའི་སྔོན་ལ། ང་ཚོས་ཟླ་བའི་ལྷ་མོ་གསུམ་པའི་ལས་འགན་ཕུན་སུམ་ཚོགས་པར་ཡོངས་འགྲུབ་བྱས་པར་རྟེན་འབྲེལ་ཞུས་པ་དང་། ལོ་ལྔའི་རྗེས་སུ་ང་ཚོས་འདི་ནས་ཟླ་བའི་ལྷ་མོ་བཞི་པའི་་ལས་འགན་ཕུན་སུམ་ཚོགས་པར་ཡོངས་འགྲུབ་བྱས་པར་རྟེན་འབྲེལ་ཞུས་པ་རེད། ཐེངས་འདིའི་ཟླ་བའི་ལྷ་མོ་བཞི་པའི་ལས་འགན་གྱིས་རང་བདག་གསར་གཏོད་དང་རོགས་རེས་གསར་གཏོད། སྒོ་འབྱེད་གསར་འགོད་བཅས་རྒྱུན་འཁྱོངས་ཀྱིས་མིའི་རིགས་ཀྱི་མཁའ་སྐྱོད་འཕྲུལ་ཆས་ཀྱིས་ཐོག་དང་པོར་ཟླ་བའི་གོ་ལའི་རྒྱབ་ངོས་སུ་སྐོར་གཟིགས་རྩད་ཞིབ་བྱས་ཏེ། ཟླ་བའི་གོ་ལའི་རྒྱབ་ངོས་སུ་ཀྲུང་གོའི་ཞབས་རྗེས་སྔོན་ལ་བཀོད་པ་ནི་རྒྱལ་ཁམས་སྒྲིག་སྲོལ་འཛུགས་པར་འཚོལ་ཞིབ་བྱེད་པའི་གསོན་ཉམས་ཅན་གྱི་ལག་ལེན་ཞིག་རེད་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ལག་ལེན་གྱིས་ང་ཚོར་རླབས་ཆེན་གྱི་བྱ་གཞག་ཡོད་ཚད་ཕུགས་བསམ་ནས་འགོ་བརྩམས་པ་བདེན་དཔང་བྱས་ཡོད་པ་དང་། ལག་ལེན་གྱིས་ང་ཚོར་རླབས་ཆེན་གྱི་བྱ་གཞག་ཡོད་ཚད་ཀྱི་རྨང་གཞི་ནི་གསར་གཏོད་ཡིན་པ་བདེན་དཔང་བྱས་ཡོད་ལ། ལག་ལེན་གྱིས་ང་ཚོར་རླབས་ཆེན་གྱི་བྱ་གཞག་ཐམས་ཅད་ནི་དངོས་སྒྲུབ་ལ་བརྟེན་ནས་ལེགས་འགྲུབ་བྱུང་བ་བདེན་དཔང་བྱས་ཡོད་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་ལ་རྟོག་ཞིབ་བྱེད་པ་ནི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་ཕུགས་བསམ་ཡིན་པ་དང་། ཀྲུང་གོའི་མཁའ་སྐྱོད་ཀྱིས་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་ལེགས་པོ་བཏང་ནས། རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་མང་པོར་ཕན་འབྲས་ཕུན་སུམ་ཚོགས་པའི་མཉམ་ལས་སྤེལ་བཞིན་ཡོད་ལ། ཟླ་བའི་ལྷ་མོ་བཞི་བའི་ལས་འགན་ཕུན་སུམ་ཚོགས་པར་ལེགས་འགྲུབ་བྱས་པར་ཡང་རྒྱལ་ཁབ་མང་པོས་བྱས་རྗེས་བཞག་ཡོད། ང་ཚོས་འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་མཉམ་དུ། མཉམ་གྲོས་མཉམ་བསྐྲུན་མཉམ་སྤྱོད་རྒྱུན་འཁྱོངས་ཀྱིས་རྨང་གཞིའི་ཚན་རིག་ཞིབ་འཇུག་ཐད་ནས་རྒྱལ་སྤྱིའི་བརྗེ་རེས་ལ་ཤུགས་སྣོན་པ་དང་། ཚན་རིག་ཆེན་པོའི་འཆར་གཞི་དང་བཟོ་སྐྲུན། ལྟེ་གནས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། མིའི་རིགས་ཀྱི་ཚན་རིག་ལས་དོན་གྱི་གོང་དུ་སྤེལ་འདོད་ཡོད་ཟེར།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུ་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་མཇལ་འཕྲད་ལ་ཞུགས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།