ཀྲུང་གོ་བོད་ཀྱི་དྲ་བ།

2025ལོར་སླེབས་སྐབས་རྒྱལ་ཡོངས་ཀྱི་ནགས་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར50%ཡན་མཐོ་རུ་འགྲོ་རྒྱུ་རེད།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-02-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས《ནགས་ཚལ་རྩྭ་ཐང་གི་ཐོན་ལས་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》ཡོངས་བསྒྲགས་བྱས་ཤིང་། 2025ལོར་སླེབས་སྐབས་ནགས་ཚལ་རྩྭ་ཐང་གི་ཐོན་ཁུངས་ལུགས་མཐུན་བེད་སྤྱོད་ཀྱི་སྒྲིག་གཞི་དང་ལམ་སྲོལ་གཞི་རྩའི་ཆར་གྲུབ་པ་དང་། ནགས་ཚལ་རྩྭ་ཐང་གི་ཐོན་ཁུངས་ཀྱི་འདེགས་སྐྱོར་ནུས་པ་མངོན་གསལ་དོད་པོས་ཆེ་རུ་འགྲོ་བ། ནགས་ཚལ་རྩྭ་ཐང་གི་སྤུས་ལེགས་ཐོན་རྫས་ཀྱི་ཐོན་ཚད་མངོན་གསལ་དོད་པོས་མང་དུ་འགྲོ་བ། ནགས་ཚལ་ཐོན་རྫས་ཉོ་ཚོང་སྔར་བས་རྒྱ་ཆེར་འགྲོ་བ་བཅས་ཀྱི་སྒོ་ནས་རྒྱལ་ཡོངས་ཀྱི་ནགས་ལས་ཐོན་རྫས་ཀྱི་རིན་ཐང་བསྡོམས་འབོར་དེ་ད་ཡོད་ཀྱི་རྨང་གཞིའི་ཐོག50%ཡན་མཐོ་རུ་ཕྱིན་ནས་དཔལ་འབྱོར་ནགས་ལས་ཐོན་རྫས་ཀྱི་ཐོན་འབོར་ཏུན་དུང་ཕྱུར2.5དང་ནགས་ཚལ་ཐོན་རྫས་ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་བྱེད་ཚད་ཨ་སྒོར་དུང་ཕྱུར2400ཟིན་རྒྱུ་རེད། 2035ལོར་སླེབས་སྐབས་ནགས་ཚལ་རྩྭ་ཐང་གི་ཐོན་ཁུངས་བཀོད་སྒྲིག་གི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ནས་ནགས་ཚལ་རྩྭ་ཐང་གི་ཐོན་ལས་གཞི་ཁྱོན་སྔར་བས་ཆེ་རུ་འགྲོ་བ་དང་། ནགས་ཚལ་རྩྭ་ཐང་གི་སྤུས་ལེགས་ཐོན་རྫས་མཁོ་སྤྲོད་སྔར་བས་འབེལ་དུ་འགྲོ་བ། ཐོན་ལས་ཀྱི་གྲུབ་ཆ་སྔར་བས་ལེགས་སུ་འགྲོ་བ། ཐོན་རྫས་ཀྱི་སྤུས་ཚད་དང་ཞབས་ཞུའི་ཆུ་ཚད་ཕྱོགས་ཡོངས་ནས་གོང་མཐོར་འགྲོ་བ་སོགས་རང་རྒྱལ་འདི་ཉིད་ནགས་ཚལ་རྩྭ་ཐང་གི་ཐོན་ལས་སྟོབས་ཆེའི་རྒྱལ་ཁབ་ཀྱི་གྲས་སུ་སླེབས་རྒྱུ་རེད།

《བསམ་འཆར》ནང་ནགས་ཚལ་རྩྭ་ཐང་གི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཙོ་གནད་ལས་དོན་བཏོན་ཡོད། མ་འོངས་ལོ་ཤས་རིང་། རང་རྒྱལ་གྱིས་རྒྱལ་ཁབ་ཀྱི་གསོག་འཇོག་ནགས་ཚལ་གཙོ་གནད་དུ་བྱས་ནས་ཁ་ཞེང་ཆེ་བ་དང་ཤིང་སྣ་རྩ་ཆེན་སྤྱོད་པའི་ནགས་ཤིང་འདེབས་གསོའི་གོམ་སྟབས་མགྱོགས་སུ་བཏང་ནས་ཤིང་ཆ་མཁོ་སྤྲོད་བྱེད་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ་དང་། ཤིང་རིགས་ཀྱི་སྣུམ་རྫས་དང་། ཁྱད་ལྡན་གྱི་ཤིང་འབྲས་ཐོན་རྫས། ཤིང་རྒྱུད་ཀྱི་འབྲུ་རིགས། ཤིང་རྒྱུད་ཀྱི་གཟན་ཆག ནགས་ཚལ་གྱི་སྨན་རྒྱུ་སོགས་དཔལ་འབྱོར་ནགས་ཚལ་གྱི་རྟེན་གཞི་དང་མེ་ཏོག་རྟེན་གཞི་སྐྲུན་ནས་དཔེ་སྟོན་རྟེན་གཞི་ཁག་གཅིག་གསར་གཏོད་དང་ཁྱད་ལྡན་ལེགས་ལྡན་གྱི་ཐོན་ལས་འདུས་འཛོམས་སྐྱེད་སྲིང་བྱས་ཏེ་དཔལ་འབྱོར་ནགས་ཚལ་དང་མེ་ཏོག་ཐོན་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་ལ་སྐུལ་འདེད་གཏོང་རྒྱུ་སོགས་བཏོན་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།