ཀྲུང་གོ་བོད་ཀྱི་དྲ་བ།

སྡེ་ཚན18ཀྱིས་ཡིག་ཆ་བཀྲམ་ནས་སྤྱི་ཚོགས་ཁྱབ་ཁོངས་ཀྱི་སྤྱི་པའི་ཞབས་ཞུའི་ཞན་ཆ་གསབ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་རེད།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-02-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སྤྱི་ཚོགས་ཁྱབ་ཁོངས་ཀྱི་སྤྱི་པའི་ཞབས་ཞུ་ནི་དམངས་འཚོ་དང་འབྲེལ་བ་ཡོད་ལ་དམངས་སེམས་དང་འབྲེལ་ཡོད། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཚེས19ཉིན། རང་རྒྱལ་གྱིས་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཞན་ཆ་ནུས་ལྡན་གསབ་པ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུ་མིན་པའི་སྐྱོན་ཆ་སེལ་བ། སྤྱི་པའི་ཞབས་ཞུའི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་གཞི་རྩའི་དམངས་འཚོ་འགན་ལེན་གྱི་རྨང་གཞི་བརྟན་དུ་བཏང་སྟེ་སྣ་མང་ཅན་གྱི་དམངས་འཚོའི་དགོས་མཁོ་རྒྱུན་ཆད་མེད་པར་བསྐང་རྒྱུ་རེད་ཅེས་བསྟན་པ་རེད།

རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སོགས་སྡེ་ཚན་18ཀྱིས་མཉམ་འབྲེལ་ཐོག་བཀྲམ་པའི《སྤྱི་ཚོགས་ཁྱབ་ཁོངས་ཀྱི་སྤྱི་པའི་ཞབས་ཞུའི་ཞན་ཆ་གསབ་པ་དང་། སྐྱོན་ཆ་སེལ་བ། སྤུས་ཚད་མཐོར་གཏོང་བཅས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་རྒྱལ་ནང་གི་ཁྲོམ་ར་སྟོབས་ཆེན་ཆགས་རྒྱུར་སྐུལ་འདེད་གཏོང་བའི་བྱ་སྤྱོད་ཀྱི་ཇུས་གཞི》གཞིར་བཟུང་། 2020ལོར་སླེབས་སྐབས་རང་རྒྱལ་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ནུས་པ་ཁྱོན་ཡོངས་ལ་ཁྱབ་པ་དང་། སྤུས་ཚད་ཚང་མ་ཚད་གཞི་ལོན་པ། ཚད་གཞི་ཚང་མ་དོན་འཁྱོལ་ཐུབ་པ། འགན་ལེན་བྱེད་དགོས་རིགས་འགན་ལེན་བྱེད་པ་བཅས་གཞི་རྩའི་ཆ་ནས་མངོན་འགྱུར་ཐུབ་པ་བྱས་ཏེ་གཞི་རྩའི་སྤྱི་པའི་ཞབས་ཞུ་མིན་པའི་འགྲོ་གྲོན་ལོངས་སྤྱོད་ཐུབ་པ་དང་། རིན་གོང་དང་ལེན་ཐུབ་པ། སྤུས་ཚད་འགན་ལེན་ཡོད་པ། བདེ་འཇགས་ལ་ལྟ་སྐུལ་དོ་དམ་བཅས་མངོན་འགྱུར་ཐུབ་པར་བྱ་རྒྱུ་རེད།

ཉེ་བའི་ལོ་ཤས་རིང་། སྤྱི་ཚོགས་ཁྱབ་ཁོངས་ཀྱི་སྤྱི་པའི་ཞབས་ཞུའི་མ་འཇོག་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་སྒྲིག་བཀོད་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་མོད། འོན་ཀྱང་མང་ཚོགས་ཀྱི་རིམ་པ་མང་བའི་སྣ་མང་ཅན་གྱི་དགོས་མཁོ་དང་བསྡུར་ན་མཁོ་སྤྲོད་མི་འདང་བ་དང་། སྤུས་ཚད་ཡག་པོ་མེད་པ། འཕེལ་རྒྱས་དོ་སྙོམས་མེད་པ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་སྔར་བཞིན་གནས་པ་དང་། བུ་བཅོལ་ཁང་དང་། སློབ་ཞུགས། སྨན་པ་བསྟེན་པ། རྒན་གསོ་སོགས་ཐད་ཀྱི་ཞབས་ཞུའི་སྤུས་ཚད་དང་ཆུ་ཚད་དེ་མང་ཚོགས་ཀྱིས་རེ་སྒུག་དང་ད་དུང་ཧེ་བག་ཆེན་པོ་ཡོད་པས་དེ་ནི་ད་ལྟའི་དུས་མཚམས་ཀྱི་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོའི་མངོན་ཚུལ་ཡིན་པ་མ་ཟད། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ཀྱི་གཙོ་གནད་ཀྱང་རེད་ལ། མངོན་མེད་ཀྱི་རྒྱལ་ནང་གི་ཁྲོམ་ར་ཆེན་པོའང་རེད།

བྱ་སྤྱོད་ཀྱི་ཇུས་གཞི་གཞིར་བཟུང་། 2022ལོར་སླེབས་སྐབས་དམངས་ཡོངས་ལ་ཁྱབ་པ་དང་། ཀུན་ཕན་མཉམ་སྤྱོད་ཐུབ་པ། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་བཅས་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་འགྲོ་བ་དང་། ཐག་ཉེ་ས་དང་སྟབས་བདེ་ས། ནུས་ཆེ་མགྱོགས་མྱུར། དམངས་བདེ་དམངས་ཕན་བཅས་ཀྱི་སྤྱི་པའི་ཞབས་ཞུའི་ཉམས་ལེན་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་བ། སྲིད་གཞུང་གིས་གཞི་རྩ་འགན་ལེན་དང་། སྤྱི་ཚོགས་ཧུར་ཐག་ཞུགས་པ། དམངས་ཡོངས་ཀྱིས་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་སྤྱི་པའི་ཞབས་ཞུའི་རྣམ་པ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་འགྲོ་བ། སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་པའི་དམངས་འཚོའི་གླེང་མང་བ་དང་དཀའ་གནད་ཞི་ལྷོད་ནུས་ལྡན་འགྲོ་བ། སྣ་མང་ཅན་གྱི་གདམ་ཆོག་པའི་སྤྱི་པའི་ཞབས་ཞུའི་ཐོན་ཁུངས་དེ་བས་ཕུན་སུམ་ཚོགས་སུ་འགྲོ་བ། གཏིང་ཤུགས་ཆེན་པོ་ལྡན་པའི་རྒྱལ་ནང་གི་ཁྲོམ་རའི་དགོས་མཁོ་སྐོང་ཐུབ་པ་བཅས་བྱུང་ནས་རྒྱ་ཆེའི་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་རྒྱུ་རེད།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།