ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་དང་པོ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གསུམ་པའི་ཚེས་བཞི་ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་ཀྲུའུ་ཞི་ཚོགས་པས་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོས་ཚོགས་ཐེངས་དང་པོ་བསྡུས་པ་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲིན་ཧྲུའུ་ཡིས་གྲོས་ཚོགས་ལ་འགོ་འཛིན་མཛད།

ཚོགས་ཐོག་ནས་ཐོག་མར་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་མིང་བཏོན་འདེམས་སྒྲུག་བྱས་པ་དང་། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ནི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་དང་ཨུ་ཡོན་ཀྲང་གཞོན་པ། དྲུང་ཡིག་ཆེན་མོ་བཅས་ཀྱིས་འཁུར་བཞིན་ཡོད། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིས་ཀྲུའུ་ཞིའི་གྲོས་ཚོགས་ལ་རྩ་འཛུགས་བྱས་པར་མ་ཟད་འགོ་འཛིན་བྱས།

ཚོགས་ཐོག་ནས་བརྡས་ཐག་གཅོད་པའི་བྱེད་ཐབས་སྤྱད་དེ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་ཉིན་རེའི་གྲོས་རིམ་ལ་གྲོས་འཆམ་བྱུང་། གྲོས་ཚོགས་ཀྱི་ཉིན་རེའི་གྲོས་རིམ་ལྟར། ཐེངས་འདིའི་ཚོགས་ཆེན་ཟླ་གསུམ་པའི་ཚེས་ལྔ་ཉིན་གྱི་སྔ་དྲོར་འཚོགས་རྒྱུ་དང་ཟླ་གསུམ་པའི་ཚེས་བཅོ་ལྔ་ཉིན་གྱི་སྔ་དྲོར་མཇུག་སྒྲིལ་རྒྱུ། ཚོགས་ཡུན་ཉིན་བཅུ་དང་ཕྱེད་ཀ་ཡིན་པ་ཐག་བཅད།

རྒྱལ་ཡོངས་དམངས་ཆེན་གྲོས་དོན་སྒྲིག་སྲོལ་གཏན་འཁེལ་ལྟར། ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་དང་པོའི་སྟེང་མིང་བཏོན་འདེམས་སྒྲུག་བྱས་པའི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་ཡིས་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་རེ་རེ་ཡི་ལག་བསྟར་ཀྲུའུ་ཞིའི་འགན་འཁུར་དགོས། བརྡས་ཐག་གཅོད་པའི་བྱེད་ཐབས་སྤྱད་པ་བརྒྱུད། གྲོས་ཚོགས་སྟེང་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ཀྱི་ལག་བསྟར་ཀྲུའུ་ཞི་མིང་བཏོན་འདེམས་སྒྲུག་བྱས།

ཚོགས་ཐོག་ནས་བརྡས་ཐག་གཅོད་པའི་བྱེད་ཐབས་སྤྱད་པ་བརྒྱུད། དབྱང་ཀྲིན་ཝུའུ་དང་ཞིན་ཁྲུན་དབྱིན། ལིས་ཧྥེ། ཀྲང་ཡེ་སུའེ། ཧན་ལིས་ཕེན། ལིས་པོ་རོང་བཅས་ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་གཞོན་པར་ཐག་བཅད། ཚོགས་ཐོག་ནས་ཀྲང་ཡེ་སུའེ་ཡིས་ཚོགས་ཆེན་གྱི་མགྲིན་ཚབ་པའི་འགན་ཞོར་དུ་འཁུར་རྒྱུ་ཐག་བཅད།

ཚོགས་ཐོག་ནས་བརྡས་ཐག་གཅོད་པའི་བྱེད་ཐབས་སྤྱད་པ་བརྒྱུད། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་བརྡས་ཐག་གཅོད་པའི་བྱེད་ཐབས་སྤྱོད་པའི་གྲོས་གཞིའི་བྱེད་ཐབས་གཏན་འཁེལ་བྱས། ཚོགས་ཐོག་ནས་འཐུས་མིས་གྲོས་གཞི་འདོན་མཚམས་འཇོག་པའི་དུས་ཚོད་ཟླ་གསུམ་པའི་ཚེས་བཅུ་གཅིག་ཉིན་གྱི་དུས་ཚོད་བཅུ་གཉིས་བར་ཡིན་པ་ཐག་བཅད། གྲོས་ཚོགས་ཀྱི་སྐབས་སུ་ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ཡིས་འཐུས་ཚབ་ཚོགས་པ་དང་འཐུས་མིས་བཏོན་པའི་གྲོས་གཞི་ལ་ཞིབ་འཇུག་བྱེད་པ་དང་ཐག་གཅོད་བསམ་འཆར་བཏོན་ནས་ཀྲུའུ་ཞི་ཚོགས་པར་ཡར་ཞུ་བྱས་ཏེ་ཐག་གཅོད་དུ་འཇུག་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།