ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་ཞང་ཀང་དང་ཨོ་མོན་ས་ཁུལ་གྱི་ཨུ་ཡོན་རྣམས་ལ་འཚམས་འདྲི་བྱས་པ་མ་ཟད་གྲོས་བསྡུར་ནང་ཞུགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-03-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

untitled.png

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས4ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་ཞང་ཀང་དང་ཨོ་མོན་ས་ཁུལ་གྱི་ཨུ་ཡོན་རྣམས་ལ་འཚམས་འདྲི་བྱས་པ་མ་ཟད་གྲོས་བསྡུར་ནང་ཞུགས།

 ཧན་ཀྲིན་གྱིས་ཨུ་ཡོན་རྣམས་ཀྱི་གཏམ་བཤད་ལ་ཉན་རྗེས་གསུང་རྒྱུར། འདས་པའི་ལོ་གཅིག་ནང་། བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག ཀྲུང་གོ་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་ཐད་ནས་གྲུབ་འབྲས་གསར་བ་བླངས། ཀྲུང་དབྱང་གིས་རྒྱབ་སྐྱོར་ཆེན་པོའི་འོག དམིགས་བསལ་སྲིད་འཛིན་དཔོན་པོ་དང་སྲིད་གཞུང་གི་སྣེ་ཁྲིད་འོག ཞང་ཀང་དང་ཨོ་མོན་གྱི་འཕེལ་རྒྱས་ཐད་ནས་གྲུབ་འབྲས་གསར་བ་བླངས། ཀོང་ཏུང་དང་ཞང་ཀང་། ཨོ་མོན་ཁུགས་ཁུལ་ཆེན་མོ་འཛུགས་སྐྲུན་གྱི་འཐབ་ཇུས་འདོད་བློ་ཁོང་དུ་ཆུད་པར་བྱེད་པ་དང་། ཞང་ཀང་དང་ཨོ་མོན་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་འདྲེས་པར་རྒྱབ་སྐྱོར་བྱེད་པ། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལས་དོན་འཕེལ་རྒྱས་སུ་བཏང་སྟེ། ཞང་ཀང་དང་ཨོ་མོན་གྱི་ཡུན་རིང་གི་དར་རྒྱས་གཏན་འཇགས་རྒྱུན་འཁྱོངས་བྱེད་དགོས་ཟེར། 

ཡའོ་ཆོན་སོགས་གྲོས་བསྡུར་ལ་ཞུགས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།