ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་ཞང་ཀང་དང་ཨོ་མོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-03-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124201690_15518854060781n.jpg

ཟླ་གསུམ་པའི་ཚེས་དྲུག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་ཞང་ཀང་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

1124201690_15518854756701n.jpg

ཟླ3པའི་ཚེས6ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་ཨོ་མོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས6ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་ཞང་ཀང་འཐུས་ཚབ་ཚོགས་པ་དང་ཨོ་མོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། ཧན་ཀྲིན་གྱིས་ཞང་ཀང་དང་ཨོ་མོན་ས་ཁུལ་གྱི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་རྣམས་དང་བསམ་བློ་བརྗེ་རེས་བྱས། ཧན་ཀྲིན་གྱིས་ཞང་ཀྲང་དང་ཨོ་མོན་གྱིས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་རྗེས་བསྟན་དོན། ཞང་ཀང་དང་ཨོ་མོན་ཧུར་ཐག་སྒོས་ཀོང་ཀྲིག་དང་ཞང་ཀང་། ཨོ་མོན་ཁུགས་ཁུལ་ཆེན་མོའི་ས་ཁུལ་གྱི་འཛུགས་སྐྲུན་ཁྲོད་དུ་ཞུགས་པ་དང་། རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་མཉམ་བསྲེས་བྱེད་སྐབས་རང་ཉིད་སྔར་ལས་འཕེལ་རྒྱས་སུ་གཏོང་དགོས། 

ཞང་ཀང་འཐུས་ཚབ་ཚོགས་པ་ནས་ཧན་ཀྲིན་གྱིས་གསུངས་རྒྱུར། ཞང་ཀང་གིས་རྒྱལ་སྤྱིའི་གསར་སྐྲུན་ཚན་རྩལ་ལྟེ་གནས་གསར་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་ངེས་ཡིན་ལ། ཞང་ཀང་གི་སྤུན་ཟླ་དང་ལྷག་པར་དུ་ན་གཞོན་རྣམས་ཀྱིས་ཁུགས་ཁུལ་ཆེན་མོའི་ས་ཁུལ་དུ་ལས་སྤེལ་ལས་ཞུགས་བྱེད་པར་སྐུལ་མ་གཏོང་བ་དང་། ཞང་ཀང་ཆེད་ལས་ཞབས་ཞུ་ཡིས་ཁུགས་ཁུལ་ཆེན་མོའི་ས་ཁུལ་འཛུགས་སྐྲུན་ཁྲོད་དུ་ནུས་པ་ཆེན་པོ་འདོན་དགོས་ཟེར།

 ཨོ་མོན་འཐུས་ཚབ་ཚོགས་པ་ནས་ཧན་ཀྲིན་གྱིས་གསུངས་རྒྱུར། ཨོ་མོན་གྱིས་བར་སྟོང་གསར་བ་རྒྱ་བསྐྱེད་པ་དང་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་ངེས་ཡིན་ལ། གནས་སྐོར་སོགས་ཀྱི་ཐོན་ལས་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་གཏོང་བ་དང་། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱ་བ་བཟང་བོར་བསྒྲུབ་ནས། ཨོ་མོན་སྡོད་དམངས་ལ་ཁུགས་ཁུལ་ཆེན་མོའི་ས་ཁུལ་འཛུགས་སྐྲུན་ཁྲོད་དུ་ཁེ་ཕན་སྔར་ལས་མང་པོ་ཐོབ་ཏུ་འཇུག་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།