ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་ཀྲེ་ཅང་འཐུབ་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124206333_15519729132401n.jpg

ཚེས་བདུན་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་ཀྲེ་ཅང་འཐུས་ཚབ་ཚོགས་པར་ཞུགས་ནས་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་ཚེས་བདུན་ཉིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་ཀྲེ་ཅང་འཐུས་ཚབ་ཚོགས་པར་ཞུགས་ནས་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས། ཁྲིག་ཅོན་དང་ཡོན་ཅ་ཅོན། ཀྲིག་ཀྲུང་ལེན་སོགས་ཀྱི་གཏམ་བཤད་ལ་ནན་ཏན་གྱིས་ཉན་རྗེས་ཧན་ཀྲིན་གྱིས་བསྟན་དོན། ད་ལོའི་བྱ་བ་བཟང་བོར་སྒྲུབ་དགོས་ན་ཆེས་གལ་ཆེ་བ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་གཟབ་ནན་གྱིས་ལག་བསྟར་བྱེད་པ་དང་། ཆོས་ཉིད་ལ་རྒྱུས་ལོན་དང་སེམས་ཤུགས་གཅིག་ཏུ་སྒྲིལ་ནས་མིག་སྔར་གྱི་དགོས་གཏུག་ཆེ་བའི་དོན་དག་བཟང་བོར་སྒྲུབ་དགོས་པར་མ་ཟད། རྨང་གཞི་སྔར་ལས་ལེགས་པོ་བཏངས་ནས་ཡུན་རིང་གི་ལས་དོན་ལ་བསམ་བློ་གཏོང་དགོས་ཟེར།

ཧན་ཀྲིན་གྱིས་ཀྲེ་ཅང་གི་བྱ་བར་ཁས་ལེན་གང་ལེགས་མཛད་པ་དང་། ཀྲེ་ཅང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་ནན་ཏན་གྱིས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་བརྒྱད་བརྒྱད་འཐབ་ཇུས་ཀྱི་མཛུབ་སྟོན་ལམ་བུ་བརྒྱུད་ནས་མུ་མཐུད་དུ་མདུན་སྐྱོད་བྱེད་པ་དང་། དངོས་གཉེར་དོན་འཁྱོལ་དང་མདུན་གྲས་སུ་སྐྱོད་པ། སྣེ་ཁྲིད་མཁན་བཅས་ཀྱི་ནུས་པ་རྒྱུན་འཁྱོངས་བྱེད་པ་དང་། བཅོས་བསྒྱུར་སྒོ་འབྱེད་ཀྱི་མདུན་སྐྱོད་ལ་སྐུལ་འདེད་བཏང་སྟེ། ཀྲེ་ཅང་གི་འཕེལ་རྒྱས་སྔར་ལས་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་ཡར་སྐུལ་གཏོང་དགོས། འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་འཕེལ་རྒྱས་སུ་གཏོང་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་དངོས་འབེབ་བྱེད་པ་དང་། ལངས་གནས་སྔར་ལས་ཇེ་མཐོར་གཏོང་བ། ཁྱོན་ཡོངས་ལ་སྐུལ་འདེད་གཏོང་བ། མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། སྔོན་སྐྱོད་རང་བཞིན་གྱི་ལས་གཞི་སྐོར་ཞིག་འགོ་རྩོམ་པར་འཆར་འགོད་དམ་འཛིན་བྱས་ཏེ། རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་བྱས་རྗེས་འབུལ་བའི་ཁྲོད་དུ་རང་སྟེང་གི་སྤུས་ཚད་འཕེལ་རྒྱས་ལའང་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན། ཝང་ཁྲིན་དང་ལི་ཞི། ལི་ཆང་། ལི་ཧོང་ཀྲུང་། དབྱང་ཞའོ་ཏུའུ། ཁྲིན་ཞི། ཀའོ་ཧྲིན་ཁུང་སོགས་སོ་སོར་གྲོས་ཞིབ་ལ་ཞུགས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།