ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་གྱིས་ཨེ་སེ་ཨིག་པུའུ་ཡའི་ཙུང་ཐུང་ས་ཧི་ལི་ཝོ་ཁི་དང་ཁིན་ནེ་ཡའི་ཙུང་ཐུང་ཁིན་ཡ་ཐ་གཉིས་ལ་འཚམས་འདྲིའི་གློག་འཕྲིན་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-03-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཟླ3པའི་ཚེས11ཉིན་ཨེ་སེ་ཨིག་པུའུ་ཡའི་མཁའ་འགྲུལ་ཀུང་ཟིའི་འགྲུལ་སྐྱེལ་གནམ་གྲུར་ཆག་སྒོ་བྱུང་ནས་མི་མང་པོ་རྐྱེན་ལམ་དུ་ཤོར་བའི་ཐད་ནས་སོ་སོར་ཨེ་སེ་ཨིག་པུའུ་ཡའི་ཙུང་ཐུང་ས་ཧི་ལི་ཝོ་ཁི་དང་ཁིན་ནེ་ཡའི་ཙུང་ཐུང་ཁིན་ཡ་ཐ་གཉིས་ལ་འཚམས་འདྲིའི་གློག་འཕྲིན་བཏང་། 

ཞི་ཅིན་ཕེན་གྱིས་འཚམས་འདྲིའི་གློག་འཕྲིན་ནང་བསྟན་དོན། ཨེ་སེ་ཨིག་པུའུ་ཡའི་མཁའ་འགྲུལ་ཀུང་སིའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ལ་ཆག་སྒོ་བྱུང་ནས་ཨེ་སེ་ཨིག་པུའུ་ཡ་དང་ཁིན་ནེ་ཡ། ཀྲུང་གོའི་སྤྱི་དམངས་དང་བཅས་པའི་མི་མང་པོ་རྐྱེན་ལམ་དུ་ཤོར་བ་གོ་བས། བདག་གིས་འདི་ནས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས། ང་རང་ཉིད་བཅས་ཀྱི་མིང་སྟེང་ནས་འདས་པོ་རྣམས་ལ་སེམས་གཏིང་ནས་མྱ་ངན་དང་འདས་པོའི་ཁྱིམ་མིར་སེམས་བརྩེ་བའི་ངང་ནས་འཚམས་འདྲི་ཞུས་པ་ཡིན། ཨེ་སེ་ཨུག་པུའུ་ཡ་སྲིད་གཞུང་གིས་ནུས་ལྡན་སྒོས་འདས་མཇུག་གི་བྱ་བ་བཟང་བོར་བསྒྲུབ་པར་ཡིད་ཆེས་ཡོད་ལ། ཀྲུང་གོ་ཕྱོགས་ཀྱིས་དགོས་ངེས་ཀྱི་རྒྱབ་སྐྱོར་དང་རོགས་སྐྱོར་འདོན་སྤྲོད་བྱེད་ངེས་ཡིན་ཟེར།

ཉིན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྱང་ཨེ་སེ་ཨུག་པུའུ་ཡའི་ཙུང་ལི་ཨ་པུས་ལ་འཚམས་འདྲིའི་གློག་འཕྲིན་བཏང་བར་མ་ཟད། འདས་པོ་རྣམས་ལ་སེམས་གཏིང་ནས་མྱ་ངན་དང་ཁོ་ཚོའི་ཁྱིམ་མིར་སེམས་གསོའི་འཚམས་འདྲི་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།