ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་འཐུས་ཚབ་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-03-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124227000_15523961050601n.jpg         

ཟླ3པའི་ཚེས12ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་འཐུས་ཚབ་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས12ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་འཐུས་ཚབ་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ཏུ་ཀྲང་དབྱི་ཧུའུ་དང་ཝང་ཧོས་ཆིན། ལིས་ཅོན། ཀྲུའུ་ཁྲིན། ཝང་ཉིང་། པའོ་ལིན། ཏང་ཙེང་ལུང་། ཁྲིན་ཅན་ཧྥེ་སོགས་འཐུས་མི་བརྒྱད་ཀྱིས་དམག་དོན་དགོས་མཁོའི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ་དང་རང་རེའི་དམག་དཔུང་གི་འཛུགས་སྐྲུན་འཕེལ་རྒྱས་ཀྱི་འཆར་འགོད་དངོས་འབེབས་བྱ་བ་དམ་འཛིན་བྱེད་པ། དྲག་ཆས་ཉེན་རྟོག་དམག་དཔུང་གི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ། མཐའ་སྲུང་འཛུགས་སྐྲུན་ལ་ཤུགས་སྣོན་པ། གཞི་རིམ་དཔོན་དམག་གི་སྒུལ་ཤུགས་དང་གསོན་ཤུགས་ཆེར་བསྐྱེད་པ། རིན་ཡོད་ཞབས་ཞུ་ཁྱོན་ཡོངས་ནས་མཚམས་འཇོག་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ་གཏམ་བཤད། 

ཞི་ཅིན་ཕེན་གྱིས་འཐུས་མི་རྣམས་ཀྱི་གཏམ་བཤད་ལ་ཉན་རྗེས་གསུང་བཤད་གལ་ཆེན་གནང་། ཁོང་གིས་དམག་དཔུང་ཡོངས་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། དུས་རབས་གསར་པའི་ཏང་གི་སྟོབས་ལྡན་དམག་དཔུང་གི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་དུས་རབས་གསར་པའི་དམག་དོན་འཐབ་ཇུས་དང་བྱེད་ཕྱོགས་ལག་བསྟར་ནན་མོ་བྱས་ནས། སྟོབས་ཤུགས་གཅིག་སྒྲིལ་སྒོས་དམག་འཐབ་ལ་གྲ་སྒྲིག་བཟང་བོ་བྱེད་པ་དང་བཅོས་སྒྱུར་གསར་སྐྲུན་ལ་ཤུགས་བསྣན་ནས་དངོས་འབེབས་བྱ་བ་དམ་འཛིན་བྱེད་དགོས་པར་མ་ཟད་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ནས་ཀྲུང་གོ་གསར་བ་དབུ་བརྙེས་ཏེ་ལོ་འཁོར70ལོན་པར་བསུ་མ་བྱེད་དགོས་པའི་བླང་བྱ་བཏོན།

ཞི་ཅིན་ཕེན་གྱིས་བསྟན་དོན། འཆར་འགོད་ཀྱི་དབང་གྲགས་རང་བཞིན་དང་འགྱུར་མེད་རང་བཞིན་གྱི་བཀག་རྒྱ་ཇེ་དྲག་ཏུ་བཏང་ནས་འཆར་འགོད་ལག་བསྟར་བྱེད་པའི་འགན་འཁྲིའི་མ་ལག་ཞིབ་ཚགས་ཞིག་ཆགས་པར་བྱེད་དགོས་། ཞིབ་བཤེར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མཐའ་གཅིག་ཏུ་སྔོན་འགོག་དང་ཁྱད་གསོད་བྱེད་དགོས།  ལས་ཀ་ཏན་ཏིག་མ་བསྒྲུབས་པ་དང་དོན་འཁྱོལ་ཡག་པོ་མ་བྱས་པར་འགན་འཁྲི་རྩད་གཅོད་ནན་མོ་བྱེད་དགོས། རིམ་པ་ཁག་གིས་གྲོན་ཆུང་གིས་འཚོ་བ་སྐྱེལ་བའི་བསམ་བློ་བཟུང་ནས་ནན་ཏན་གྱིས་ཀྲུང་དབྱང་གིས་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་དམག་ཨུའི་གཏན་འབེབས་དོན་ཚན་བཅུ་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་དང་། དཀའ་སྤྱད་འབད་བརྩོན་གྱི་སྤྱོད་ཚུལ་བཟང་པོ་དར་སྤེལ་བཏང་ནས་གྲོན་དངུལ་རྣམས་སྤྱོད་སྒོ་ཆེ་སར་སྤྱོད་པ། ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ཁྲིམས་ནན་ཏན་ལག་བསྟར་བྱས་ཏེ་གྲོན་དངུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྒྲིག་ཁྲིམས་དང་། སྐོར་སྐྱོད་ལྟ་ཞིབ། རྩིས་བཤེར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་བྱ་སྤྱོད་རྩད་ཞིབ་ཐག་གཅོད་ནན་མོ་བྱེད་དགོས་ཟེར།

ཞི་ཅིན་ཕེན་གྱིས་བསྟན་དོན། དམག་དཔུང་ཡོངས་ཀྱིས་གཏིང་ཟབ་སྒོས་ཏང་ཀྲུང་དབྱང་གི་ཆོད་སེམས་དམ་པོར་བཟུང་སྟེ། དམག་དོན་ཨུ་ཡོན་ལྷན་ཁང་གི་དམག་དོན་ལས་དོན་གྲོས་ཚོགས་ཀྱི་བཀོད་སྒྲིག་དོན་འཁྱོལ་བྱེད་པ་དང་། ཁྱོན་ཡོངས་ནས་དམག་སྦྱོང་དང་དམག་འཐབ་གྲ་སྒྲིག་གི་ལས་དོན་ལ་ཤུགས་སྣོན་རྒྱག་པ། བློ་ཐག་རྦད་ཆོད་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་ལ་སྲུང་སྐྱོང་བྱས་ཏེ་སྤྱི་ཚོགས་ཁྱོན་ཡོངས་བརྟན་བརླིང་ཡོང་པར་སྲུང་སྐྱོང་བྱ་དགོས་ཟེར།

ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། དམག་སྲིད་དམག་དམངས་མཐུན་སྒྲིལ་བྱེད་པ་ནི་ང་ཚོའི་སྲོལ་རྒྱུན་བཟང་བོ་དང་ཆབ་སྲིད་ཀྱི་ལེགས་ཆ་ཡིན། དམག་དཔུང་གིས་ཧུར་ཐག་སྒོས་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་རོགས་སྐྱོར་བྱེད་པ་དང་། སྤོབས་པ་ཆེན་པོས་ཉེན་འགོག་གནོད་སེལ་སོགས་ཀྱི་ལས་འགན་ལྕི་མོ་ཁག་ཁུར་བྱེད་དགོས་ལ། གཏན་འཁེལ་བྱས་པའི་དབུལ་ཕོངས་སྡེ་བ་དང་མང་ཚོགས་ལ་རོགས་སྐྱོར་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་དགོས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས། ས་གནས་བཅས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པ་དང་། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་བཀོད་སྒྲིག་དང་དམག་མིའི་ཁྱིམ་མིའི་ལས་ཞུགས་གནད་དོན། དམག་མིའི་བུ་དང་བུ་མོ་སློབ་གྲྭར་འགྲོ་བ་སོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་དགོས་ལ། དམག་དཔུང་དུ་ཁྱོན་ཡོངས་ནས་རིན་ཡོད་ཞབས་ཞུ་མཚམས་འཇོག་པའི་བྱ་བ་གང་ལེགས་སྒོས་བསྒྲུབ་ནས་སྟོབས་ལྡན་དམག་དཔུང་གི་ལས་དོན་སྔར་ལས་གོང་འཕེལ་དུ་གཏོང་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཞུའུ་ཆི་ལེང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཝེ་ཧྥུན་ཧུ་དང་། ལིས་ཙའོ་ཁྲིན། མའོ་ཧྭ། ཀྲང་ཧྲིན་མེན་བཅས་གྲོས་ཚོགས་ལ་ཞུགས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།