ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཉིང་ཞ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-03-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124227037_15523980373111n.jpg

ཟླ3པའི་ཚེས12ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཉིང་ཞ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཚེས12ཉིན་གྱི་ཕྱི་དྲོར་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་ཉིང་ཞ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

འཐུས་མི་ལིས་རུའེ་དང་། མྰ་ཡིས་ཧྲན། དབྱང་ཡིས་ཅིན་སོགས་ཀྱི་གཏམ་བཤད་ལ་ཉན་རྗེས་ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་གི་འདུ་ཤེས་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བར་གཏིང་ཟབ་སྒོས་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱས་ཤིང་། ཏང་གིས་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་གི་གཅིག་བསྡུས་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། ཁྱོན་ཡོངས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་ཁྲིམས་འཛུགས་པ་དང་། ཁྲིམས་ནན་གྱིས་ལག་བསྟར་བྱེད་པ། ཁྲིམས་འཛིན་དྲང་བཞག་ཡིན་པ།  དམངས་ཡོངས་ཀྱིས་ཁྲིམས་སྲུང་བ་བཅས་ལ་སྐུལ་འདེད་བཏང་སྟེ། ཏང་ཀྲུང་དབྱང་གིས་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་སྐོར་གྱི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ནས་མི་དམངས་མང་ཚོགས་རྣམས་ལ་བཅའ་ཁྲིམས་ལམ་ལུགས་དང་། ཁྲིམས་བསྟར་ཐག་གཅོད། ཁྲིམས་འཛིན་གྱོད་གཞིའི་ཁྲོད་འདྲ་མཉམ་དྲང་བཞག་ཡོང་བར་འབད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཉིང་ཞའི་ལས་དོན་ཐད་བཏོན་པའི་དགོངས་པ་གལ་ཆེན་དག་ལག་བསྟར་མཐའ་འཁྱོལ་བྱས་ཏེ་“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་གོ་སྐབས་གལ་ཆེན་དམ་འཛིན་བྱས་ནས་དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གཅིག་གྱུར་འཆར་འགོད་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད། དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་ལེགས་པོར་སྒྲུབ་པ། མི་རིགས་ཆོས་ལུགས་ལས་དོན་ལེགས་པོར་སྒྲུབ་པ་བཅས་བྱས་ཏེ། དཔལ་འབྱོར་དར་རྒྱས་དང་། མི་རིགས་མཐུན་སྒྲིལ། ཁོར་ཡུག་མཛེས་པ། མི་དམངས་འབྱོར་ཕྱུག་བཅས་མངོན་འགྱུར་ཡོང་བར་འབད་བརྩོན་བྱས་ནས་ཉིང་ཞ་ཡིས་རྒྱལ་ཡོངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་འགན་ལེན་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།