ཀྲུང་གོ་བོད་ཀྱི་དྲ་བ།

ཀྲའོ་ལི་ཅི་ལའོ་ཉིན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-03-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124227037_15523980752411n.jpg

ཟླ3པའི་ཚེས12ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཀྲའོ་ལི་ཅི་ལའོ་ཉིན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས12ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཀྲའོ་ལི་ཅི་ཚེས12ཉིན་གྱི་ཕྱི་དྲོར་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་ལའོ་ཉིན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། 

 ཁོང་གིས་འཐུས་མི་ཝུའུ་ཡན་ལེང་དང་ཏེ་ཅི་ཧྲོང་། ཧྥིན་ཧྲུའུ་ལིན་སོགས་ཀྱིས་གཏམ་བཤད་ལ་ཉན་རྗེས་གསུང་རྒྱུར། བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཤར་བྱང་འཕེལ་རྒྱས་དང་ལའོ་ཉིན་དར་རྒྱས་ལ་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། སྲིད་ཇུས་ཀྱི་བྱེད་ཐབས་རབ་དང་རིམ་པ་འདོན་བཞིན་ཡོད་པས། ལའོ་ཉིན་གྱིས་ལོ་རྒྱུས་ཀྱི་གོ་སྐབས་གལ་ཆེན་དམ་འཛིན་བྱེད་པ་དང་བདེན་འཛིན་དངོས་གཉེར་བྱེད་པ། དཀའ་སྤྱད་འབད་བརྩོན་བཅས་བྱས་ཏེ། འཕེལ་རྒྱས་ཀྱི་བྱེད་ཐབས་ངེས་པ་དོན་གྱིས་ལེགས་བསྒྱུར་བྱེད་པ་དང་དཔལ་འབྱོར་གྱི་སྒྲིག་གཞི་ཇེ་ལེགས་སུ་གཏོང་བ། འཕར་སྣོན་གྱི་བྱེད་ཐབས་བསྒྱུར་བར་ཤུགས་བསྣན་ནས་ལས་འགན་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་དགོས་པ་མ་ཟད། གསར་སྐྲུན་ཐོན་ལས་དང་ལས་རྣམ་གསར་བ། སྒུལ་ནུས་གསར་བ་བཅས་སྐྱེད་སྲིང་བྱེད་དགོས་པའི་བླང་བྱ་བཏོན།

ཀྲའོ་ལི་ཅི་ཡིས་ནན་གྱིས་བསྟན་དོན། སྲིད་ཇུས་དོན་འཁྱོལ་དང་། བསྒྱུར་བཅོས་འཕེལ་རྒྱས་དམ་འཛིན་བྱེད་པའི་གནད་འགག་ནི་བྱ་སྤྱོད་བཟང་པོ་ཞིག་ཡོད་དགོས་པ་དེ་ཡིན་ལ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཁྱད་གསོད་མཐའ་གཅིག་ཏུ་བྱེད་དགོས། ཏང་ཨུས་འགན་འཁྲི་གཙོ་བོ་ཁག་ཁུར་བྱེད་པ་དང་།  སྒྲིག་ཨུ་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ཏང་ཨུའི་འགོ་ཁྲིད་འོག་ལྟ་སྐུལ་གྱི་འགན་འཁྲི་ལེགས་པོར་བསྒྲུབ་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཅིག་བསྡུས་ཀྱིས་བཅོས་སྐྱོང་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་གཏོང་བ་དང་།  འགོ་ཁྲིད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་པ་རྣམས་ལ་རིམ་པ་དེ་ག་དང་། རང་ཉིད་འགོ་བརྩམས་ཏེ་བརྟག་དཔྱད་དང་བཅོས་བསྒྱུར་བྱས་ནས་ཤུགས་ཆེན་པོས་གཞི་རིམ་ལ་ཤུགས་རྐྱེན་ཐེབས་བཞིན་པའི་ཕྱི་ཚུལ་རིང་ལུགས་ཀྱི་གནད་དོན་ཐག་གཅོད་བྱེད་པ་དང་། ཏང་ཡོན་ལས་བྱེད་པས་“གཟབ་ནན་གསུམ་དང་དོན་དམ་གསུམ” གྱི་སྤྱོད་ཚུལ་ལ་བརྟེན་ནས་ལས་དོན་ཁག་ལེགས་པར་སྒྲུབ་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།