ཀྲུང་གོ་བོད་ཀྱི་དྲ་བ།

འཕེལ་རྒྱས་ཀྱི་གོ་སྐབས། གཉིས་ཕན་གྱི་ལས་སྟེགས།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-03-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

—— འཐུས་མི་དང་ཨུ་ཡོན་གྱིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྱོང་ལ་སྐུལ་འདེད་བཏང་བའི་སྐོར་གླེང་བ། 

2018ལོར་ཤིས་ཨན་ནས་ཀྲུང་ཡོའི་དུས་གཏན་མེ་འཁོར་གཏོང་ཚད་ཐེངས་1235ཟིན་པ་དེ་2017ལོའི་ལྡབ་6ཡིན་པ།

“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་ཀྲུང་གོའི་བཟོ་སྐྲུན་ལས་རིགས་ཀྱི་རྒྱལ་སྤྱི་ཅན་ལ་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་མཁོ་འདོན་བྱས་པ།

ཧུང་ཏུང་ཉ་ལས་ཀྱིས་མོ་རི་ཐ་ནི་ཡར་སྨི་ངོས་གྲུ་ཁྲི་9ལྷག་ཟིན་པའི་དེང་རབས་ཅན་གྱི་ཕྱོགས་བསྡུས་ཉ་ལས་རྟེན་གཞི་བཙུགས་ཡོད་པ་དང་། དོ་དམ་བྱེད་མཁན་ཉུང་ཤས་ཕུད་དེ་བྱིངས་ལས་བཟོ་བ་70%ཡན་ཚང་མ་ས་ཆ་དེ་ག་ནས་ཡིན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་ཚོགས་འདུ་གཉིས་རིང་གསར་འགོད་པས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་སྐོར་འཐུས་མི་དང་ཨུ་ཡོན་ལ་བཅར་འདྲི་བྱས་པ་རེད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཀྲུང་གོ་ལྕགས་ལམ་ཤིས་ཨན་ཅུས་ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ལིའུ་ཧྲེང་རུང་གིས་སྐྱེལ་འདྲེན་གྱི་ཞབས་འདེགས་སྤུས་ཚད་ཡག་པ་དང་ལས་སྒོ་ཞིབ་ཚགས་ལ་རྒྱ་ཆེ་བའི་དབང་གིས་ཀྲུང་ཡོའི་དུས་གཏན་མེ་འཁོར་གྱི་དངོས་ཟོག་ཐོག་མར་ཤིས་ཨན་གྲོང་ཁྱེར་ནས་དབོར་བ་ནས་རིམ་བཞིན་ཧྲའན་ཤིས་ཞིང་ཆེན་དང་རྒྱལ་ཡོངས། ཐ་ན་འཛམ་གླིང་གི་ས་ཆ་ཁག་ཏུ་འཕེལ་རྒྱས་བྱུང་ཞིང་། ཟོག་བདག་དང་ཟོག་འགྲེམས་ཁེ་ལས་མང་པོས་ཤིས་ཨན་ནས་དངོས་ཟོག་འདྲེན་པར་ཡོང་འདོད་བྱེད་ཀྱི་ཡོད་ཅེས་གསུངས།

2018ལོར་ཤིས་ཨན་ནས་ཀྲུང་ཡོའི་དུས་གཏན་མེ་འཁོར་གཏོང་ཚད་ཐེངས1235ཟིན་པ་དེ2017ལོའི་ལྡབ6རེད། “ཀྲུང་ཡོའི་དུས་གཏན་མེ་འཁོར་བཏང་བ་དེས་དབུས་ནུབ་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པར་སྣེ་ཁྲིད་དང་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ཡོད”ཅེས་ལིའུ་ཧྲེང་རུང་གིས་གསུངས།

“‘རྒྱུད་གཅིག་ལམ་གཅིག’གི་གྲོས་འགོས་ཀྲུང་གོའི་བཟོ་སྐྲུན་ལས་རིགས་ཀྱི་རྒྱལ་སྤྱི་ཅན་ལ་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་མཁོ་འདོན་བྱས་ཡོད”ཅེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཀོང་ཤིས་ལིའུ་ཀུང་ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཙེང་ཀོང་ཨན་གྱིས་གསུངས་པ་དང་། ཁོང་གིས་འགྲན་རྩོད་ཀྱི་ལེགས་ཆ་ལྡན་པའི་ཐོན་རྫས་དང་ཞབས་འདེགས“རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་ཀྱི་རྒྱལ་ཁབ་དང་ས་ཁུལ་དུ་མཁོ་འདོན་བྱས་པས་ཁེ་ལས་ཀྱི་ཁྲོམ་རའི་མདུན་ལམ་སྔར་བས་རྒྱ་ཆེ་རུ་ཕྱིན་ཡོད་ཅེས་གསུངས།

ཀྲུང་གོའི་ཁེ་ལས་ལ་འཕེལ་རྒྱས་ཀྱི་གོ་སྐབས་མང་པོ་ཕྲད་པའི་མྱོང་ཚོར་ཟབ་མོ་བྱུང་བ་མ་ཟད། ད་དུང་ལམ་རྒྱུད་ཀྱི་རྒྱལ་ཁབ་དང་མི་དམངས་ལའང་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཡོད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཧྥུ་ཀྲོའུ་ཧུང་ཏུང་ཉ་ལས་མ་རྐང་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ལན་ཕིང་ཡུང་གིས་ཧུང་ཏུང་ཉ་ལས་ཀྱིས་མོ་རི་ཐ་ནི་ཡར་སྨི་ངོས་གྲུ་ཁྲི་9ལྷག་ཟིན་པའི་དེང་རབས་ཅན་གྱི་ཕྱོགས་བསྡུས་ཉ་ལས་རྟེན་གཞི་བཙུགས་ཡོད་པ་དང་། དོ་དམ་བྱེད་མཁན་ཉུང་ཤས་ཕུད་དེ་བྱིངས་ཀྱི་ལས་བཟོ་བ70%ཡན་ཚང་མ་ས་ཆ་དེ་ག་ནས་རེད། ཁེ་ལས་ཀྱིས་ཁོང་ཚོའི་ལས་ཞུགས་དཀའ་བའི་གནད་དོན་ཐག་གཅོད་བྱས་པ་མ་ཟད། ད་དུང་ལས་བཟོ་བར་ཉ་འཛིན་སྟངས་དང་། ལས་སྣོན། ཐོན་སྐྱེད་བྱེད་སྟངས་སོགས་ངལ་རྩོལ་གྱི་རྩལ་ནུས་རབ་དང་རིམ་པ་བསླབས་པས། ད་ཆ་ས་ཆ་དེ་གའི་ཉ་པས་རང་ཉིད་ཀྱི་གྲུ་གཟིངས་ཉོས་ནས་ཉ་ལས་ཐོན་སྐྱེད་ལ་ཚོད་ལྟ་བྱེད་བཞིན་ཡོད་ཅེས་གསུངས།

ནུབ་ཕྱོགས་ཀྱི་སྨྱན་སྦྱོར་ཁག་གཅིག་གིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་དོན་མེད་སྐྱོན་འཛུགས་བྱས་པར་དམིགས་ཏེ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀེ་རི་སེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀྲང་ཆི་གཡོད་ཀྱིས་རྩོད་པ་བརྒྱ་ལས་དོན་དངོས་གཅིག་ལྷག་ཅེས་པ་ལྟར་ཀྲུང་གོའི་ཁེ་ལས་ཀེ་རི་སེའི་གྲུ་ཁ་ཆེ་ཤོས་པི་ལུ་ཨ་ཕུ་སི་གྲུ་ཁའི་གཉེར་སྐྱོང་ལ་ཞུགས་ཚུན། གྲུ་ཁ་དེའི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་དང་གཉེར་སྐྱོང་འཇོན་ཐང་སོགས་ཡག་ཏུ་ཤུགས་ཆེན་ཕྱིན་ཡོད། དང་ཐོག་གཉེར་སྐྱོང་མཉམ་ལས་བྱེད་སྟངས་ལ་སེམས་ཁྲལ་བྱེད་མཁན་གྱི་དམངས་ཚོགས་ཀྱིས་ད་ཆ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་གསུངས།

ད་ལོའི་ཟླ་བཞི་པའི་ཟླ་མཇུག་ཏུ“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གཉིས་པ་པེ་ཅིང་དུ་འཚོག་རྒྱུ་རེད།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀྲུང་གོ་དེང་རབས་རྒྱལ་སྤྱིའི་འབྲེལ་བའི་ཞིབ་འཇུག་ཁང་གི་དེ་སྔའི་ཡོན་ཀྲང་ཅི་ཀྲི་ཡེ་ཡིས་གླེང་སྟེགས་ཀྱིས་ཕྱོགས་ཁག་ལ“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་དེ་བས་རྒྱུས་མངའ་ལེན་ཐུབ་པ་དང“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ་པའི་ཡིད་ཆེས་ཡོད་ཅེས་གསུངས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།