ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་དྲིལ་སྒྲོག་ལ་ཞུགས་པའི་གསར་འགྱུར་བྱ་བ་སྒྲུབ་མཁན་རྣམས་ལ་འཚམས་འདྲི་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20190314092250JtmC.jpg

ཟླ་གསུམ་པའི་ཚེས་བཅུ་གསུམ་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་གསར་འགྱུར་དྲིལ་སྒྲོག་བྱ་བར་ཞུགས་པའི་མི་དམངས་ཉིན་རེའི་ཚགས་པར་དང་ཞིན་ཧྭ་གསར་འགྱུར་ཁང་། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཁང་། འོད་ཟེར་ཉིན་རེའི་ཚགས་པར། དཔལ་འབྱོར་ཉིན་རེའི་ཚགས་པར། ཀྲུང་གོ་ཉིན་རེའི་ཚོགས་པར། མི་དམངས་སྲིད་གྲོས་ཚགས་པར། ཀྲུང་གོའི་གསར་འགྱུར་ཁང་སོགས་ཀྲུང་དབྱང་གི་གསར་འགྱུར་ལས་ཁུངས་གཙོ་བོ་དང་ཀྲུང་གོའི་སྲིད་གྲོས་དུས་དེབ་ཁང་གི་འགན་ཁུར་བློ་མཐུན་དང་རྩོམ་སྒྲིག་པ། གསར་འགོད་པའི་འཐུས་ཚབ་བཅས་ལ་འཚམས་འདྲི་མཛད

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚེས་བཅུ་གསུམ་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་གསར་འགྱུར་དྲིལ་སྒྲོག་བྱ་བར་ཞུགས་པའི་མི་དམངས་ཉིན་རེའི་ཚགས་པར་དང་ཞིན་ཧྭ་གསར་འགྱུར་ཁང་། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཁང་། འོད་ཟེར་ཉིན་རེའི་ཚགས་པར། དཔལ་འབྱོར་ཉིན་རེའི་ཚགས་པར། ཀྲུང་གོ་ཉིན་རེའི་ཚོགས་པར། མི་དམངས་སྲིད་གྲོས་ཚགས་པར། ཀྲུང་གོའི་གསར་འགྱུར་ཁང་སོགས་ཀྲུང་དབྱང་གི་གསར་འགྱུར་ལས་ཁུངས་གཙོ་བོ་དང་ཀྲུང་གོའི་སྲིད་གྲོས་དུས་དེབ་ཁང་གི་འགན་ཁུར་བློ་མཐུན་དང་རྩོམ་སྒྲིག་པ། གསར་འགོད་པའི་འཐུས་ཚབ་བཅས་ལ་འཚམས་འདྲི་མཛད་དེ། ཚོགས་ཆེན་གྱི་དྲིལ་སྒྲོག་ལ་ཞུགས་པའི་གསར་འགྱུར་བྱ་བ་སྒྲུབ་མཁན་ཚོར་འཚམས་འདྲི་དང་བཀའ་དྲིན་ཞུས།

ཝང་དབྱང་གིས་གསུང་རྒྱུར། གསར་འགྱུར་ལས་ཁུངས་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གྲོས་ཚོགས་བཟང་བོར་བསྡུ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་པ་དང་། ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་བྱས་ལ། ཚོགས་ཐོག་དང་ཚོགས་འདུ་གྲོལ་རྗེས། དྲ་ཐོག་དང་ཉིན་རྒྱུན་གྱི་མཉམ་འབྲེལ་མཉམ་འགུལ་རྒྱུན་འཁྱོངས་བྱས་པ་དང་། ཚགས་པར་དང་དྲ་རྒྱ། མགྲོན་སྣེ། སྐད་འཕྲིན་བཅས་ཀྱིས་ཤུགས་མཉམ་འདོན་བྱེད་པ་རྒྱུན་འཁྱོངས་བྱས་ཤིང་། རྣམ་པ་མང་པོ་དང་ཕྱོགས་སྣེ་མང་པོ། རིམ་པ་མི་འདྲ་ས་ནས་མི་དམངས་སྲིད་གྲོས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་ལས་འགན་གཙོ་བོར་དམིགས་ནས་འགན་སྒྲུབ་བཟང་བོ་བྱེད་པའི་ཐད་ཀྱི་གྲུབ་འབྲས་དྲིལ་སྒྲོག་བྱས་པ་མ་ཟད། རྒྱ་ཆེའི་ཨུ་ཡོན་ཚོ་རྒྱལ་དོན་དང་སྲིད་གླེང་ཇུས་འབུལ་ཁྲོད་ཞུགས་པའི་སྣང་བརྙན་དྲིལ་སྒྲོག་བྱས་པ་དང་། དབྱངས་རྟ་གཙོ་བོ་དར་སྤེལ་དང་དྲང་ཕྱོགས་ཀྱི་ནུས་ཚད་གཅིག་ཏུ་བསྒྲིལ་ལ། དྲ་ཐོག་དང་དྲ་རྒྱ་ཕྱིའི་ལྟེ་མཐུན་སྒོར་དབྱིབས་བྲིས་ནས། ཚོགས་ཆེན་རྒྱལ་ཁའི་ངང་བསྡུ་བའི་ཐད་བྱས་རྗེས་གལ་ཆེན་བཞག་ཟེར།

ཝང་དབྱང་གིས་ཚང་མས་མུ་མཐུད་དུ་སྨྱན་བྱད་གཙོ་གཞིའི་དྲིལ་སྒྲོག་ནུས་པ་དང་། སྣེ་ཁྲིད་ནུས་པ། ཤན་ཤུགས། སྤྱི་རྟོན་ནུས་ཤུགས་ཆེ་བའི་དགེ་མཚན་འདོན་སྤེལ་བྱེད་པ་དང་། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་དམངས་སེམས་གཅིག་བསྡུས་བྱེད་པར་དོ་སྣང་བྱེད་པ། ཀྲུང་གོའི་བྱ་བ་དྲིལ་སྒྲོག་བཟང་བོ་བྱེད་པ་དང་སྲིད་གྲོས་ཀྱི་གཏམ་རྒྱུད་བཤད་དེ། མི་དམངས་སྲིད་གྲོས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བློ་འདོན་ཇུས་འབུལ་བྱེད་པ་དང་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྒྲིལ་བའི་ཐད་ཤུགས་འདོན་པའི་ལག་ལེན་འགྲེམ་སྟོན་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་དམངས་གཙོ་ཆབ་སྲིད་ལམ་ལུགས་ཀྱི་ཁྱད་ཆོས་མངོན་གསལ་དང་དགེ་མཚན་རང་བཞིན་མངོན་པར་བྱེད་དགོས་པའི་རེ་བ་བཏོན།

ཧོང་ཁུན་མེན་དང་ཀྲང་ཆིན་ལིས། ཞཱ་པོ་ལུང་སོགས་འཚམས་འདྲི་ལ་ཞུགས།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།