ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་ཁྲི་གཅིག་དང་སྟོང་བཞི་ལྷག་གཞི་རིམ་དུ་སོང་ནས་སྒྲོག་སྤེལ་གཅིག་དང་བསྒྲུབ་པ་གཉིས་སྐུལ་འདེད་གསུམ་གྱི་བྱ་འགུལ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས15ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཞིང་ལས་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་མཚོ་སྔོན་གྱིས་བསྡོམས་པས་སྡེ་སྡོད་ལས་བྱེད་པ་དང་དབུལ་སྐྱོར་སྡེ་སྡོད་ཧྲུའུ་ཅི་དང་པོ། བྱ་བའི་རུ་ཁག་གི་ལས་བྱེད་པ་ཁྲི་གཅིག་དང་སྟོང་བཞི་ལྷག་བདམས་ནས་གཞི་རིམ་དུ་མངགས་ཏེ། སྲིད་ཇུས་དང་ཆ་འཕྲིན་བརྒྱུད་སྒྲོག་བྱེད་པ་དང་ཞབས་འདེགས་ཞུ་བ་བརྒྱུད་དེ། གནད་ཕིགས་དབུལ་སྐྱོར་དང་ཞིང་སྡེ་དར་སྤེལ། ཞིང་ཆེན་གྱི་མི་སྡོད་ཁོར་ཡུག་བཅོས་སྐྱོང་བྱེད་པའི་བྱ་བ་སྤེལ་བ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་དང་པོའི་དགོངས་དོན་དྲིལ་སྒྲོག་གཏིང་ཟབ་བྱེད་པ་མ་ཟད། མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་པ་དང་ཆེས་ཐད་ཀར། ཆེས་མངོན་སུམ་གྱི་ཁེ་ཕན་གནད་དོན་ཐག་གཅོད་པའི་ཐད་ཤུགས་བཏོན་ནས། མང་ཚོགས་ལ་དོན་དངོས་དང་དོན་བཟང་མང་པོ་བསྒྲུབས།

རྒྱུས་ལོན་བྱུང་བ་ལྟར་ན། 2019ལོའི་ལས་བྱེད་པ་ཁྲི་གཞི་རིམ་དུ་བསྐྱོད་དེ་སྒྲོག་འགྲེལ་གཅིག་དང་བསྒྲུབ་པ་གཉིས། སྐུལ་འདེད་གསུམ་སྤེལ་བའི་བརྗོད་དོན་བྱ་འགུལ་དེ། ཟླ་གསུམ་པའི་ཚེས་གཅིག་ཉིན་ཞིང་ཆེན་ཡོངས་ནས་དངོས་སུ་སྤེལ་འགོ་བརྩམས། ཞང་དང་སྡེ་སྡོད་ལས་བྱེད་པ་དང་དབུལ་སྐྱོར་སྡེ་སྡོད་ཧྲུའུ་ཅི་དང་པོ། བྱ་བའི་རུ་ཁག་གི་ལས་བྱེད་པ་བཅས་ཀྱིས་ལས་བྱེད་པས་སྣེ་ཁྲིད་པ་དང་གཞི་རིམ་ཏང་ཡོན་གྱིས་རོགས་བྱེད་པ། དཔེ་མཚོན་གྱིས་སྐུལ་འདེད་གཏོང་བ་སོགས་ཀྱི་རྣམ་པ་སྤྱད་དེ། རོང་འབྲོག་མང་ཚོགས་ཀྱིས་ཐོན་སྐྱེད་འཕེལ་རྒྱས་སུ་གཏོང་བ་དང་། ཡོང་སྒོ་འཕར་སྣོན་དང་ཕྱུག་འགྱུར་བྱེད་པར་སྣེ་ཁྲིད་བྱས། དེ་དང་མཉམ་དུ། མང་ཚོགས་དང་མཉམ་ཟ་མཉམ་འཐུང་དང་མཉམ་འདུག་བྱས་པ་དང་། མང་ཚོགས་ཀྱི་ཆེད་དུ་བྱ་བ་བསྒྲུབ་པ། མང་ཚོགས་ཀྱི་སེམས་གཏམ་ལ་ཉན་པ། རང་འགུལ་གྱིས་མང་ཚོགས་ལ་སློབ་སྦྱོང་བྱེད་པ། ཞང་དང་གྲོང་རྡལ་དང་། སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་ཚན་ཁག་གི་ཁོངས་མི་ལ་སློབ་སྦྱོང་བྱེད་པ་བཅས་བྱས་ནས། ཞིང་སྡེ་དང་འབྲོག་ཁུལ་གྱི་གནས་ཚུལ་དངོས་ལ་རྒྱུས་ལོན་གསལ་བོ་བྱས།

སྒྲོག་འགྲེལ་གཅིག་དང་བསྒྲུབ་པ་གཉིས། སྐུལ་འདེད་གསུམ་གྱི་བརྗོད་དོན་བྱ་འགུལ་སྤེལ་བའི་ཁྲོད། གཞི་རིམ་དུ་མངགས་པའི་ལས་བྱེད་པས་དམངས་ཚིས་གནད་དོན་ཐག་གཅོད་རྒྱུ་དེ་བྱ་བ་སྣ་ཚོགས་ཀྱི་འགོ་ཚུགས་ས་དང་རྐང་འཛུགས་སར་བྱས་ཏེ། ཐོན་སྐྱེད་འཕེལ་རྒྱས་དང་སྤྱི་ཚོགས་ཀྱི་གནས་ཚུལ་དངོས་ལ་རྒྱུས་ལོན་བྱས་པ་དང་། རང་འགུལ་གྱིས་མང་ཚོགས་དོ་སྣང་བྱེད་བཞིན་པའི་འབུར་ཐོན་གནད་དོན་ཐག་བཅད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།