ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུའུ་རུ་རྟོག་ཞིབ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་ཚེས་བཅོ་བརྒྱད་ཉིན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུའུ་རུ་སོང་ནས་རྟོག་ཞིབ་མཛད། ཧན་ཀྲིན་གྱིས་རྒྱལ་ཡོངས་ཀྱི་ས་ཁང་བདག་ཁོངས་ཚོང་རའི་ལྟ་ཞིབ་ཚད་ལེན་མ་ལག་དང་རྒྱལ་ཁབ་ཀྱི་བཟོ་སྐྲུན་འཛུགས་སྐྲུན་ལས་གཞིའི་མཆན་འགོད་དོ་དམ་མ་ལག་འཛུགས་སྐྲུན་དང་འཁོར་བསྐྱོད་གནས་ཚུལ་ལ་ལྟ་ཞིབ་མཛད། དེའི་རྗེས་འགོ་མཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས་ནས། ས་ཁང་བདག་ཁོངས་ཚོང་ར་བརྟན་བརླིང་དང་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བའི་ཡུན་ཕན་རྐྱེན་སྲོལ་བྱ་བ་སྤེལ་བའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན་པར་མ་ཟད་གསུང་བཤད་གནང་།

ཧན་ཀྲིན་གྱིས་ནན་གྱིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁང་བ་ནི་མི་སྡོད་ས་ཡིན་པ་ལས་ཉོ་ཚོང་བྱེད་སྤྱད་མིན་པའི་སྐོར་གྱི་ངེས་གནས་དང་བླང་བྱ་ནམ་ཡང་རྒྱུན་འཁྱོངས་བྱེད་པ་དང་། དེ་རྩ་བའི་མཛུབ་ཁྲིད་དགོངས་པ་རུ་བརྩིས་ནས། ས་ཁང་བདག་ཁོངས་ཚོང་ར་བརྟན་བརླིང་ངང་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བའི་གོ་རིམ་ཧྲིལ་བོའི་ཁྲོད་ཁྱབ་པར་བྱེད་དགོས། ས་ཁང་བདག་ཁོངས་ཚོང་ར་བརྟན་བརླིང་དང་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བའི་ཡུན་ཕན་རྐྱེན་སྲོལ་འཛུགས་རྒྱུ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི་ཇུས་ཆོད་གལ་ཆེན་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཁེ་ཕན་དངོས་ལ་འབྲེལ་བ་ཡོད་པ་དང་། དེ་ནི་དཔལ་འབྱོར་གྱི་གནས་ཚུལ་ཡིན་ལ། དམངས་ཚིས་གནད་དོན་གལ་ཆེན་ཡང་ཡིན་ཟེར།

ཧན་ཀྲིན་གྱིས་བསྟན་དོན། མིག་སྔར་ས་ཁང་བདག་ཁོངས་ཚོང་ར་སྤྱི་ཁོག་ནས་བརྟན་བརླིང་ངང་འཁོར་བསྐྱོད་བྱེད་བཞིན་ཡོད་པ་དང་། ཚོང་རའི་སྔོན་རྩིས་ཧ་ཅང་ཡང་དག་རེད། གྲོང་ཁྱེར་གཅིག་ལ་སྲིད་ཇུས་གཅིག་དང་གྲོང་ཁྱེར་གྱི་གནས་ཚུལ་དངོས་ལ་གཞིགས་ནས་སྲིད་ཇུས་སྤྱོད་པ་རྒྱུན་འཁྱོངས་བྱེད་པ་དང་། ས་ཆ་སོ་སོའི་གནས་ཚུལ་དངོས་ལ་རྐང་བཙུགས་ནས། གནད་དོན་ཅི་ཞིག་ཡོད་ན་དེ་ཐག་གཅོད་པ་དང་། ས་ཁང་བདག་ཁོངས་བརྟན་བརླིང་དང་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བའི་ཡུན་ཕན་རྐྱེན་སྲོལ་གྱི་ཇུས་གཞི་ཚོད་ལྟ་ལག་བསྟར་ནན་མོ་བྱས་ཏེ། ལག་བསྟར་བྱེད་པའི་གོ་རིམ་ཁྲོད་ཀྱི་དཔྱད་འཇོག་དང་རྗེས་འདེད་བྱ་བ་བཟང་བོར་བསྒྲུབ་དགོས། ས་ཞིང་གི་རིན་གོང་དང་ཁང་བའི་རིན་གོང་། སྔོན་རྩིས་གཏན་འཇགས་སུ་གཏོང་བའི་དམིགས་འབེན་ལ་དམིགས་ནས། གྲོང་ཁྱེར་གྱི་གཙོ་གཞི་འགན་འཁྲི་ལག་བསྟར་བྱེད་པ་དང་། ཞིང་ཆེན་རིམ་པའི་སྲིད་གཞུང་གི་ལྟ་རྟོག་དང་མཛུབ་སྟོན་འགན་འཁྲི་དངོས་འབེབ་བྱས་ཏེ། ས་ཁང་བདག་ཁོངས་ཚོང་རའི་ཉེན་ཁ་གཏན་ནས་ཚོད་འགོག་དང་ཐག་གཅོད་བྱེད་དགོས། ཚན་རིག་དང་མཐུན་པའི་ལྟ་རྟོག་མ་ལག་འཛུགས་པ་དང་། གྲངས་གཞི་དུས་ལ་འཁེལ་བ་དང་ཡང་དག་པ། ཡོངས་སུ་ཁེབས་པར་ཁག་ཐེག་བྱེད་པ། གཞི་གྲངས་ཆེན་མོ་རྨང་གཞི་རུ་བྱས་པའི་རྒྱལ་ཡོངས་ས་ཁང་བདག་ཁོངས་ཚོང་རའི་ལྟ་ཞིབ་ཚད་ལེན་མ་ལག་འཛུགས་སྐྲུན་བྱས་ནས། ས་ཁང་བདག་ཁོངས་ཚོང་རའི་གནས་བབས་ལ་དབྱེ་ཞིབ་དང་བརྡར་ཤ་གཅོད་པ་དང་། ཕན་པ་ཡོད་པའི་སྒོ་ནས་ཚོད་འཛིན་དང་ལེགས་སྒྲིག་བྱེད་པའི་ཐད་ལག་རྩལ་གྱི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།