ཀྲུང་གོ་བོད་ཀྱི་དྲ་བ།

ད་ལོ་རྒྱལ་ཡོངས་ཀྱིས“རྒྱབ་སྐྱོར་གསུམ་དང་དབུལ་སྐྱོར་གཅིག”གི་མི་སྣ་ཁྲི2.7བསྡུ་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-03-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ཆར་ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ་དང་། མི་སྤྱི་པུའུ། སློབ་གསོ་པུའུ། ནོར་སྲིད་པུའུ། ཆུ་བེད་པུའུ། ཞིང་ལས་དང་གྲོང་གསེབ་པུའུ། འཕྲོད་བསྟེན་བདེ་ཐང་ཨུ་ལྷན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབུལ་སྐྱོར་གཞུང་དོན་ཁང་། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་སོགས་སྡེ་ཚན་དགུ་མཉམ་འབྲེལ་བྱས་ཏེ《2019ལོའི་མཐོ་སློབ་སློབ་ཐོན་སློབ་མའི“རྒྱབ་སྐྱོར་གསུམ་དང་དབུལ་སྐྱོར་གཅིག”གི་འཆར་འགོད་ལག་བསྟར་ལས་དོན་ཡག་པོ་སྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས2019ལོར་རྒྱལ་ཡོངས་ཀྱིས“རྒྱབ་སྐྱོར་གསུམ་དང་དབུལ་སྐྱོར་གཅིག”གི་མི་སྣ་ཁྲི2.7བསྡུས་ནས་གཞི་རིམ་དུ་སློབ་གསོར་རྒྱབ་སྐྱོར་དང་། ཞིང་ལས(ཆུ་བེད)ལ་རྒྱབ་སྐྱོར། སྨན་བཅོས་ལ་རྒྱབ་སྐྱོར་བཅས་དང་དབུལ་སྐྱོར་སོགས་ཀྱི་ཞབས་ཞུ་སྒྲུབ་རྒྱུ་གསལ་པོ་བཏོན་པ་རེད།

《བརྡ་ཐོའི》ནང2019ལོའི“རྒྱབ་སྐྱོར་གསུམ་དང་དབུལ་སྐྱོར་གཅིག”གི་འཆར་འགོད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་ལ་དམིགས་ཏེ་བསྡུ་རྒྱུའི་མི་གྲངས་མུ་མཐུད་ས་ཁུལ་དབུལ་པོར་གཟིགས་སྐྱོང་བྱེད་དགོས་པ་དང་། བསྡུ་རྒྱུའི་ལས་གནས་མུ་མཐུད་དབུལ་སྐྱོར་དང་ཞིང་ལས་ལ་རྒྱབ་སྐྱོར་བྱེད་པའི་རིགས་ཀྱི་ལས་གནས་ལ་གཟིགས་སྐྱོང་བྱེད་པ། བསྡུ་རྒྱུའི་མི་གྲངས་གསར་སྣོན་བྱས་པ་དེ་དག་གཙོ་བོ་ས་ཁུལ་དབུལ་པོ་དང་། གསར་བརྗེའི་རྟེན་གཞི་ཁུལ་རྙིང་པ། མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ་བཅས་ལ་གཟིགས་སྐྱོང་བྱས་ཏེ“ཁུལ་གསུམ་ཀྲོའུ་གསུམ”གྱི་ཤིན་ཏུ་དབུལ་པོའི་ས་ཁུལ་དུ་མི་སྣ་བསྡུ་བའི་འཆར་གཞི་ལོགས་སུ་བཟོ་དགོས་ཞེས་བསྟན་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།