ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-03-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས20ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། སྲིད་གཞུང་བྱ་བའི་སྙན་ཞུའི་འགན་འཁྲི་ལས་བགོས་གཏན་འཁེལ་བྱས་པ་དང་། དངོས་འབེབས་བྱ་བ་དམ་འཛིན་བྱས་ནས་ལོ་ཧྲིལ་བོའི་འཕེལ་རྒྱས་དམིགས་འབེན་དང་ལས་འགན་ཡོངས་འགྲུབ་བྱེད་རྒྱུ་འགན་སྲུང་བྱེད་དགོས་པ་ནན་བཤད་བྱས་ཤིང་། རིན་འཕར་ཁྲལ་དངུལ་ཉུང་འཕྲི་བྱེད་པའི་ཆ་ཚང་བྱེད་ཐབས་གཏན་ལ་ཕབ་སྟེ་ལག་བསྟར་དུས་ཡུན་ལོངས་པའི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་སྐོར་ཞིག་རྒྱུན་འཁྱོངས་བྱེད་པར་མ་ཟད་དབུལ་སྐྱོར་ཞལ་འདེབས་དང་བཙོག་བཟོ་འགོག་བཅོས་སོགས་ཕྱོགས་གསུམ་གྱི་ཁེ་ལས་ལ་ཁྲལ་བསྡུའི་གཟིགས་སྐྱོང་གནང་རྒྱུ་ཐག་བཅད།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།