ཀྲུང་གོ་བོད་ཀྱི་དྲ་བ།

ས་ཞིང་ནག་པོའི་སྟེང་གི་འབྲི་ཏ་ས་འཛིན་དཀར་པོར་བརྟེན་ནས་ཞིང་པ་བདེ་བླག་ངང་དབུལ་སྒྲོལ་ཐུབ་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2019-04-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དཔྱིད་འགོར་གྲང་ངར་ཅུང་ཟད་ཡོད་ནའང་ཧེ་ལུང་ཅང་ཞིང་ཆེན་པོ་ལིས་རྫོང་ཐན་རུན་ཐོན་ལས་དབུལ་སྐྱོར་སྒྲིག་བཀོད་ཞིང་ལས་གླིང་གི་དྲོད་ཁང་ཆེ་མོའི་ནང་སྔོ་ཐིང་ངེར་གནས། སྨིན་ཟིན་པའི་འབྲི་ཏ་ས་འཛིན་ཞིམ་མདོག་ཁ་པོ་ཡོད་པས་ཡུལ་སྐོར་བའི་ཡིད་དབང་རབ་ཏུ་འཕྲོགཐན་རུན་ཐོན་ལས་དབུལ་སྐྱོར་སྒྲིག་བཀོད་ཞིང་ལས་གླིང་གི་ཅིང་ལི་ཕེང་ཝེས“སྐྱེ་ལྡན་ཚད་ལྡན་འདེབས་འཛུགས་དང་། ལྗང་མདོག་སྦགས་བཙོག་མེད”ཅེས་འབྲི་ཏ་ས་འཛིན་ཞིག་བཀོག་སྟེ་ཡུལ་སྐོར་བར་སྤྲད།“པོ་ལི་རྫོང་གི་ས་རྒྱུ་འབྲི་ཏ་ས་འཛིན་འདེབས་པར་ཧ་ཅང་འཚམ་པོ་ཡོད་མོད། འོན་ཀྱང་ཁྲོམ་རའི་སྟེང་གི་འབྲི་ཏ་ས་འཛིན་གྱི་རིགས་མང་པོ་ཡོད་པ་མ་ཟད་གོང་ཚད་ཀྱང་སྣ་ཚོགས་ཡོད། ཐོན་འབབ་ཁོ་ནར་མཐོང་ཆེན་བྱས་ཚེ་གང་མགྱོགས་ཁྲོམ་ར་ནས་ཕྱིར་འབུད་བྱ་རྒྱུ་གཏན་འཁེལ་རེད། ཚན་རྩལ་གྱི་བྱ་ཐབས་ལ་བརྟེན་ནས་སྤུས་ཚད་མཐོ་རུ་བཏང་ཚེ་གཞི་ནས་ཁྲོམ་རའི་ཐོག་བྲིན་ཁ་རྒྱུག་པོ་ཡོང་ཐུབ”ཅེས་ཧྥེང་ཝུའུ་ཡིས་བརྗོད་པ་དང་། ཁོང་སློབ་ཆེན་སྐབས་ཀྱི་ཆེད་ལས་ནི་ཞིང་ལས་རིག་པ་ཡིན་པ་དང་སློབ་གྲྭ་ཐོན་རྗེས་སྔར་བཞིན་ཕ་ཡུལ་དུ་ལོག་ནས་ས་གཞི་ཆེན་པོ་འདིའི་སྟེང་བྱས་རྗེས་བཞག2018ལོའི་ཟླ་7པར་ནོར་སྲིད་སྡེ་ཚན་དང་ཁེ་ལས་ཀྱིས་མཉམ་དུ་མ་དངུལ་བཏོན་ཏེ་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་11ཡོད་པའི་ཐན་རུན་ཐོན་ལས་དབུལ་སྐྱོར་སྒྲིག་བཀོད་ཞིང་ལས་གླིང་བཙུགས་པ་རེད། དུས་ཐེངས་དང་པོར་སྟར་པ་16ཡོད་པའི་ཚན་རྩལ་རྣམ་པའི་ཉི་འོད་དྲོད་ཁང་ནང་སྐྱེ་ལྡན་འབྲི་ཏ་ས་འཛིན་དང་སྐྱེ་ལྡན་མ་རྨོས་ལོ་ཏོག་འདེབས་འཛུགས་བྱས་པས་ཞིང་ལས་གླིང་ལ་བྱུང་བའི་ཡོང་འབབ་ཀྱི་45%དབུལ་སྐྱོར་རྣམ་གྲངས་ཀྱི་ཡོང་འབབ་སུ་བརྩིས་ཏེ་པོ་ལི་རྫོང་གི་དབུལ་སྒྲོལ་འགག་སྒྲོལ་ཐད་བཏང་བ་རེད།དྲོད་ཁང་ཆེ་མོའི་ནང་ཆུ་ཚོད་24གནམ་གཤིས་ལ་མ་བལྟོས་པར་སྐྱེ་དངོས་ཀྱི་རྣམ་གྲངས་ཁག་གི་སྐྱེ་འཚར་གྱི་སྟོན་རྟགས་ལ་རང་འགུལ་ངང་ལྟ་སྐུལ་ཚོད་འཛིན་བྱེད་ཀྱི་ཡོད། དྲོད་ཁང་ཚང་མའི་ནང་སྦྲང་སྒམ་ཡོད་པ་དང་དེའི་ནང་འབྲི་ཏ་ས་འཛིན་གྱི་མེ་ཏོག་ལས་སྦྲང་རྩི་འཐུ་བའི་སྦྲང་ནོར་བུ་ཡོད། འབྲི་ཏ་ས་འཛིན་སྐྱེ་འཚར་བྱེད་རིང་རྫས་འགྱུར་ལས་བཟོས་པའི་ལུད་དང་། ཞིང་སྨན། ཐོན་སྐྱེད་སྙོམས་སྒྲིག་བྱེད་རྫས་བཅས་བེད་སྤྱོད་མ་བྱས་པར་རང་བྱུང་གི་ཆོས་ཉིད་ལ་གཞིགས་ནས་འབྲི་ཏ་ས་འཛིན་ལ་རང་བྱུང་གི་སྐྱེ་འཚར་ཁོར་ཡུག་བཏོད་ཡོད་པ་རེད།ཟླ་7སོང་རྗེས་འབྲི་ཏ་ས་འཛིན་དཀར་པོ་ཁག་དང་པོ་གཅིག་རྗེས་གཉིས་མཐུད་ངང་སྨིན་ནས་སིལ་ཚོང་རིན་གོང་སྤྱི་རྒྱ་རེར་སྒོར་136ཟིན་གྱི་ཡོད་པས་ཁྲོམ་རའི་ཐོག་གི་འབྲི་ཏ་ས་འཛིན་དཀྱུས་མའི་རིན་གོང་གི་ལྡབ3ཟིན་པ་དང་དྲོད་ཁང་ནང་སྐྱེ་འཚར་བྱུང་བའི་འབྲི་ཏ་ས་འཛིན་དཀར་པོ་འཐུ་བའི་དུས་སུ་སླེབས་ཡོད།པོ་ལི་རྫོང་ཞའོ་ཝུའུ་ཀྲན་གྲོང་རྡལ་གྱི་ཧྥུའུ་ལི་ཅི་དང་ཕ་ཡུལ་གཅིག་པའི་མི་བཅུ་གྲངས་ཞིང་ལས་གླིང་དུ་ལས་ཀ་བྱེད་ཀྱི་ཡོད་པ་དང་། འབྲི་ཏ་ས་འཛིན་གྱི་ཞིང་ནང་གཡོག་བྱེད་དང་། འཐུ་བ། ཐུམ་སྒྲིལ་རྒྱག་པ་བཅས་ཀྱི་འགན་འཁུར་གྱི་ཡོད། ཁོང་གིས་འབྲི་ཏ་ས་འཛིན་དཀར་པོ་ཞིག་བཀོག་སྟེ་གཟབ་གཟབ་སིལ་སིལ་ངང་སླེ་པོའི་ནང་བླུགས་པ་དང་། དེ་ནས་འབྲི་ཏ་ས་འཛིན་ཐུམ་སྒྲིལ་བརྒྱབ་རྗེས་སྒམ་ཆུང་ནང་བླུགས། སྒམ་ཆུང་རེར་འབྲི་ཏ་ས་འཛིན་རྐང་12ཡོད་པ་དང་དེར་སྒོར་80རག་གི་ཡོད། ཁོང་ལ་འབྲི་ཏ་ས་འཛིན་དེ་དག་ལ་གཡོག་བྱེད་བྱས་པར་ཟླ་རེའི་ཡོང་འབབ་སྒོར་2000ལྷག་ཙམ་ཡོང་གི་ཡོད།ས་གཞི་ནག་པོའི་སྟེང་སྐྱེས་པའི་འབྲི་ཏ་ས་འཛིན་དཀར་པོ་ལ་བརྟེན་ནས་དབུལ་སྐྱོར་གྱི་བསམ་ཕྱོགས་གསར་པ་བྱུང་བ་མ་ཟད། ད་དུང་དེ་བས་མང་བའི་ལས་ཞུགས་ཀྱི་གོ་སྐབས་བྱུང་ཡོད།འབྲི་ཏ་ས་འཛིན་གྱི་འབྲས་བུ་བསྡུ་བའི་དུས་སུ་ལས་མི་བཞི་བཅུ་ལྔ་བཅུ་དགོས་ཀྱི་ཡོད་པས་དུད་ཚང་དབུལ་པོ་མང་པོར་དེ་གར་དབུལ་སྒྲོལ་གྱི་ཕུགས་འདུན་མངོན་འགྱུར་བྱུང་ཡོད།“ང་ཚོ་དེ་གར་ལས་ཀ་བྱས་ན་ལོ་གཅིག་ལ་སྒོར་ཁྲི་གཉིས་ལྷག་ཙམ་གསོག་ཐུབ་ཀྱི་འདུག ཞིང་པས་ཞིང་ཁ་ཇི་ཙམ་བཏབས་ཚེ་དངུལ་མང་པོ་དེ་འདྲ་གསོག་ཐུབ་བམ། ད་དུང་དཀའ་ལས་ཆེན་པོ་རྒྱག་དགོས་མེད་ལ་གནམ་ཆུ་སྒུག་ནས་ཀྱང་སྡོད་དགོས་ཀྱི་མེད”རང་ཁྱིམ་གྱི་སྒོ་ཁར་ལས་ཀ་རག་པའི་ཧྥུའུ་ལི་ཅིས་ད་ལྟའི་འཚོ་བ་འབྲི་ཏ་ས་འཛིན་བཞིན་ཞིམ་མངར་ལྡན་པ་ཞིག་འདུག་ཅེས་བརྗོད་པ་རེད།    

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།