ཀྲུང་གོ་བོད་ཀྱི་དྲ་བ།

དྭངས་གསལ་དུས་ཆེན་སླེབས་པས། ས་གནས་ཁག་གིས་རིག་གནས་བྱེད་སྒོ་སྣ་ཚོགས་སྤེལ་བ།

ཡོང་ཁུངས། : ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།     སྤེལ་དུས། : 2019-04-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ་4པའི་ཚེས་3ཉིན་གྱི་ཕྱི་དྲོ། གནའ་བོའི་རི་མོའི་ནང་གི་དྭངས་གསལ་དུས་ཆེན་ཞེས་པ་སྟེ་ཀྲུང་གོའི་ཤུལ་བཞག་རྩེར་སོན་རི་མོའི་འགྲེམས་སྟོན་དེ་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ལིའུ་ཀྲོའུ་གྲོང་ཁྱེར་ལིའུ་ཀྲོའུ་ཁུལ་གྱི་རི་མོ་ཁང་དུ་གཉེར་ཡོད། བྱེད་སྒོ་སྤེལ་ཡུལ་དངོས་སུ། ལིའུ་ཀྲོའུ་གྲོང་ཁྱེར་གྱི་རིག་གནས་ལོ་རྒྱུས་རིགས་གཅིག་མཁས་པ་སུན་ཏའེ་ཝུན་གྱིས་ཁོང་ནས་དྭངས་གསལ་དུས་ཆེན་ལ་གོ་བ་གང་འདྲ་ལེན་མིན་ངོ་སྤྲོད་གནང་སྐབས། དྭངས་གསལ་དུས་ཆེན་གྱི་ཡོངས་ཁུངས་ནང་མི་བྱེད་སྐབས་སྤྱོད་གཙང་དྲང་ཚུགས་ལྡན་པ་ཞིག་བྱེད་དགོས་པའི་གོ་དོན་ལྡན་ཡོད་ཅེས་བསྟན་ཡོད་པ་རེད།

དྭངས་གསལ་དུས་ཆེན་ལ་དུས་ཚིགས་དང་དུས་ཆེན་གྱི་གོ་དོན་གཉིས་ལྡན་ཡོད། དྭངས་གསལ་དུས་ཆེན་ཤར་བ་དང་བསྟུན་ནས། རྒྱལ་ཡོངས་ས་གནས་ཁག་གིས་རིག་གནས་བྱེད་སྒོ་སྣ་ཚོགས་སྤེལ་བའམ་མེས་པོ་རྣམས་ལ་རྗེས་དྲན་ཞུ་བ། ཡང་ན་སྙན་ངག་དང་རི་མོའི་བརྩམས་ཆོས་ལ་བརྟེན་ནས་བརྩེ་ སེམས་མཚོན་པར་བྱེད་ཀྱི་ཡོད།

སྤྱི་ཟླ་4པའི་ཚེས་3ཉིན་གྱི་སྔ་དྲོ། ཧུའུ་པེ་ཅིང་མོན་གྲོང་ཁྱེར་གྱི་དངོས་མང་བཤམས་སྟོན་ཁང་གི་ལས་དོན་མི་སྣ་ཏུང་པའོ་ཁུལ་ཕའེ་ལོའུ་གྲོང་རྡལ་ལྟེ་བའི་སློབ་ཆུང་དུ་བསྐྱོད་དེ། འཁོར་རྒྱུག་དངོས་མང་བཤམས་སྟོན་ཁང་སློབ་གྲྭའི་ནང་བསྐྱོད་པ་ཞེས་པ་དང་། ཆུ་སྒྲོན་ལས་ཤེས་བཟོ་རྩལ་གྱི་བྱེད་སྒོ་སྤེལ་ཡོད་པ་རེད།

སྤྱི་ཟླ་4པའི་ཚེས་4ཉིན་གྱི་སྔ་དྲོ། སྤྱི་ལོ་2019ལོའི་ཁྲུང་ཆིང་གྲོང་ཁྱེར་ཡུང་ཁྲོན་ཁུལ་གྱིས་ང་ཚོའི་དུས་ཆེན། དྭངས་གསལ་ཞེས་པ་དང་། སུང་ཅི་གནའ་བོའི་གྲོང་རྡལ་ཞའོ་ཆིང་རིག་གནས་དུས་ཆེན་ཞེས་པ་སུང་ཅི་གནའ་བོའི་གྲོང་རྡལ་དུ་སྤེལ་འགོ་ཚུགས་པ་དང་། འགོ་ཚུགས་མཛད་སྒོའི་ཐོག་ ཁུལ་དམངས་ཁྲོད་སྒྱུ་རྩལ་མཁས་པའི་མཐུན་ཚོགས་སོགས་ཚོགས་པས་འཁྲབ་སྟོན་སྣ་ཚོགས་བྱས་ཡོད་པ་རེད།

ཀུན་སུའུ་ལན་ཀྲོའུ་ཅིན་ཁྲེང་སྤྱི་གླིང་དུ། ལེ་དབར་བཅུ་ཡི་ནང་དུ་ཁམ་བུའི་མེ་ཏོག་རྣམ་པར་བཞད་ཅེས་པའི་འགོ་ཚུགས་ཞབས་བྲོས་མི་རྣམས་ཀྱི་ཡིད་དབང་ཅིག་ཅར་དུ་འཕྲོག་པ་དང་། དེ་རྗེས། གྱེར་ཀློག་སྒྱུ་རྩལ་མཁས་པ་དང་འཁྲབ་སྟོན་ལ་དགའ་ཞེན་ཡོད་མཁན་ཚོས་ཇ་ཞིམ་དཔྱིད་རླུང་དྲོན་མོ་ཞེས་པ་སོགས་ངོ་མཚར་ཆེ་བའི་ལེ་ཚན་འཁྲ་བསྟོན་བྱས་ཡོད། སྤྱི་ཟླ་4པའི་ཚེས་1ཉིན་གྱི་སྔ་དྲོ་ཀྲུང་གོའི་ཤེས་དཔལ། དར་གོས་ལམ་བུའི་གླུ་དབྱངས་ཞེས་པ་སྟེ། སྤྱི་ལོ་2019ལོའི་ང་ཚོའི་དྭངས་གསལ་དུས་ཆེན་ཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་གནས་དེར་སྤེལ་ཡོད་པ་རེད།

སྤྱི་ཟླ་4པའི་ཚེས་2ཉིན་ལོ་གཅིག་དུས་གཅིག་གི་ཀྲུང་གོའི་ཁའ་ཧྥུན་དྭངས་གསལ་རིག་གནས་དུས་ཆེན་འགོ་ཚུགས་ཡོད། དུས་ཡུན་ཉིན་བཅུའི་དུས་ཚོད་ནང་། བརྗོད་དོན་གཙོ་བོ་ཆེན་པོ་བརྒྱད་ཀྱི་དམངས་སྲོལ་རིག་གནས་བྱེད་སྒོ་ཁག་64འཁྲབ་སྟོན་བྱས་པ་དང་ཆབས་ཅིག རིགས་ཁག་གི་དངོས་མང་བཤམས་སྟོན་ཁང་གཞི་རྟེན་བྱས་ཏེ། རིག་དངོས་འགྲེམས་སྟོན་དང་། ཡིག་གཟུགས་འགྲེམས་སྟོན། དངོས་མིན་རིག་གནས་ཤུལ་བཞག་གི་སློབ་ཚན། སྙན་ཚིག་ཚོགས་ཆེན་སོགས་བྱེད་སྒོ་ཁག་19སྤེལ་ཡོད། དེ་བས་མི་རྣམས་ནས་དོ་ཁུར་བྱེད་འོས་པ་ཞིག་ནི། དུས་ཆེན་རིང་རྒྱལ་ཡོངས་ཀྱི་ཕུལ་བྱུང་དངོས་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་གདན་ཞུ་བྱས་ཏེ་སྤེལ་རེས་ཀྱིས། དངོས་མིན་རིག་གནས་ཤུལ་བཞག་གི་ཉམས་འགྱུར་མངོན་པར་བྱ་རྒྱུ་ཡིན་པ་རེད།

རྒྱུན་འཛིན་ནི་དྲན་གསོ་ཡག་ཤོས་ཡིན་པ་དང་། འཕེལ་རྒྱས་ནི་སེམས་གསོ་ཡག་ཤོས་དེ་ཡིན། སྤྱི་ཟླ་4པའི་ཚེས་2ཉིན་གྱི་སྔ་དྲོ་ཧུའུ་ནན་ཞིང་ཆེན་གྱིས་སྤྱི་ལོ་2019ལོའི་ང་ཚོའི་དྭངས་གསལ་དུས་ཆེན། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་། དབུལ་སྐྱོར་འགག་སྒྲོལ་ལ་རོགས་འདེགས་བྱེད་ཅེས་པའི་མང་ཚོགས་རང་བཞིན་གྱི་དྲན་གསོའི་བྱེད་སྒོའི་མཛད་སྒོ་ཡུང་ཀྲོའུ་གྲོང་ཁྱེར་ཏའོ་རྫོང་ཁྲེན་ཧྲུའུ་ཞང་སྔོན་གཤེགས་དཔའ་བོའི་བང་སོའི་མདུན་དུ་གཉེར་ཡོད། རྒྱལ་གླུ་ལེན་པ་དང་མྱ་ངན་ཞུ་ཡིག་སྒྲོག་སྦྱང་བྱེད་པ། ལས་བྱེད་པ་དང་། དམག་མི། མང་ཚོགས། སློབ་མའི་འཐུས་མི་བཅས་ཀྱིས་གོ་རིམ་ལྟར་མེ་ཏོག་སོས་པ་ཕུལ་ནས། གསར་བརྗེའི་སྲོལ་རྒྱུན་རྒྱུན་འཛིན་དང་། གསར་བརྗེའི་གཞི་རྒྱུ་རྗེས་མཐུད། འཐབ་རྩོད་ཀྱི་སྙིང་སྟོབས་རྒྱུན་འཁྱོངས། འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་སྐྲུན་ཟིན་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་ཆེད་འབད་འཐབ་ལྷོད་མེད་བྱ་རྒྱུའི་རྣམ་པ་བསྟན་ཡོད་པ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།