ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་ཨ་མེ་རུ་ཁའི་དཔལ་འབྱོར་ཉོ་ཚོང་མཐོ་རིམ་གྲོས་མོལ་སྐོར་ཐེངས་དགུ་བ་མཇུག་སྒྲིལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཞི་བའི་ཚེས་གསུམ་ནས་ཚེས་ལྔ་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་གོ་དང་ཨ་མེ་རུ་ཁའི་ཁྱོན་ཡོངས་དཔལ་འབྱོར་གྲོས་མོལ་གྱི་ཀྲུང་གོ་ཕྱོགས་ཀྱི་སྣེ་ཁྲིད་པ་ལིག་ཧི་དང་ཨ་མེ་རུ་ཁའི་ཉོ་ཚོང་འཐུས་མི་ལེ་ཐི་ཞི་ཙི་དང་ནོར་སྲིད་པུའུ་ཀྲང་མུའུ་ནུའུ་ཆན་བཅས་ཀྱིས་ཧྭ་ཧྲིན་ཏུང་ནས་མཉམ་དུ་ཀྲུང་གོ་དང་ཨ་མེ་རུ་ཁའི་དཔལ་འབྱོར་ཉོ་ཚོང་མཐོ་རིམ་གྲོས་མོལ་སྐོར་ཐེངས་དགུ་བར་འགོ་འཛིན་བྱས། ཕྱོགས་གཉིས་ཀྱིས་ལག་རྩལ་བཤུག་སྤྲོད་དང་ཤེས་བྱའི་ཐོན་དབང་སྲུང་སྐྱོབ།  ཞབས་ཕྱིའི་ལས་རིགས། ཞིང་ལས། ཉོ་ཚོང་དོ་མཉམ། རྐྱེན་སྲོལ་ལག་བསྟར་སོགས་གྲོས་མཐུན་ཡིག་ཆར་གྲོས་བསྡུར་བྱས་ནས་གྲུབ་འབྲས་མངོན་གསལ་བླངས། ཕྱོགས་གཉིས་ཀྱིས་ཤུལ་བཞག་གནད་དོན་ལ་ནུས་ལྡན་བྱེད་ཐབས་སྣ་ཚོགས་སྤྱད་དེ་གྲོས་མོལ་བཟང་བོ་བྱེད་རྒྱུ་ཐག་བཅད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།