ཀྲུང་གོ་བོད་ཀྱི་དྲ་བ།

ཧོང་ཁུན་མེན་གྱིས་ལོ་ཝའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་འབྲེལ་གཏུག་པུའུ་ཡི་པུའུ་ཀྲང་ཧྲོན་ཐུང་འཁོར་དང་བཅས་པར་ཐུག་འཕྲད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཞི་བའི་ཚེས་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཧོང་ཁུན་མེན་གྱིས་པེ་ཅིན་ནས་ལོ་ཝའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་འབྲེལ་གཏུག་པུའུ་ཡི་པུའུ་ཀྲང་ཧྲོན་ཐུང་འཁོར་དང་བཅས་པར་ཐུག་འཕྲད་བྱས།

ཧོང་ཁུན་མེན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་སྤྱི་ཁྱབ་ཧྲུའུ་ཅི་པིན་དབྱང་རྣམ་གཉིས་ཀྱི་འཐབ་ཇུས་སྣེ་ཁྲིད་དང་དངོས་སུ་སྐུལ་འདེད་བཏང་འོག དེང་སྐབས་ཀྲུང་གོ་དང་ལོ་ཝའོ་འབྲེལ་བ་ལོ་རྒྱུས་ཀྱི་ཆེས་བཟང་བའི་དུས་སྐབས་སུ་བསླེབ་ཡོད། ཏང་གཉིས་ཀྱི་འབྲེལ་བ་ནི་ཀྲུང་གོ་དང་ལོ་ཝའོ་བར་གྱི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། ང་ཚོས་ལོ་ཝའོ་ཏང་དང་འབྲེལ་འདྲིས་དམ་པོ་བྱས་ཏེ་ཉམས་མྱོང་བརྗེ་རེས་བྱེད་པ་དང་དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་ཞིང་ཀྲུང་གོ་དང་ལོ་ཝའོ་བར་གྱི་ལས་སྐལ་གཅིག་བསྡུས་ཀྱི་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པར་འབད་བརྩོན་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་སྐྲུན་འདོད་ཡོད་ཟེར།

ཧྲོན་ཐུང་གིས་བཤད་རྒྱུར། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པའི་སྣེ་ཁྲིད་འོག ལོ་ཝའོ་དང་ཀྲུང་གོའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་སོང་། ལོ་ཝའོ་ཕྱོགས་ཀྱིས་མུ་མཐུད་དུ་ཀྲུང་གོ་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་བརྗེ་རེས་བྱེད་པར་ཤུགས་བསྣན་ནས། ལོ་ཝའོ་དང་ཀྲུང་གོའི་ལས་སྐལ་གཅིག་བསྡུས་ཀྱི་ཐུན་མོང་ཚོགས་པ་མཉམ་སྐྲུན་བྱེད་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།