དྭངས་གསལ་དུས་ཚིགས་ཀྱི་གུང་གསེང་རིང་རྒྱལ་ནང་དུ་ཡུལ་སྐོར་བ་མི་ཐེངས་དུང་ཕྱུར1.12སྣེ་ལེན་བྱས།

1210101859_15546806499431n.jpg

འདི་ནི་ཟླ4པའི་ཚེས7ཉིན་ཡུལ་སྐོར་བས་ཀུའེ་ཀྲིག་ཞིང་ཆེན་པེ་ཅི་གྲོང་ཁྱེར་གྱི་མཛེས་ལྗོངས་ཁུལ་དུ་ལྟ་སྐོར་བྱེད་བཞིན་པའི་ཚུལ་རེད། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས7ཉིན་གསར་འགོད་པས་རིག་གནས་དང་ཡུལ་སྐོར་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ས་གནས་ཁག་གི་ཡུལ་སྐོར་སྡེ་ཚན་དང་། འཕྲིན་གཏོང་གཉེར་སྐྱོང་བ། དྲ་ཐོག་ཡུལ་སྐོར་ཞབས་ཞུའི་ཚོང་པ་སོགས་ཀྱིས་གོང་ཞུ་དང་མཁོ་འདོན་བྱས་པའི་གཞི་གྲངས་ཕྱོགས་བསྡུས་བྱས་པ་དང་།  ཀྲུང་གོ་ཡུལ་སྐོར་ཞིབ་འཇུག་ཁང(རིག་གནས་དང་ཡུལ་སྐོར་པུའི་གཞི་གྲངས་ལྟེ་གནས)གིས་ཕྱོགས་བསྡུས་ཚོད་རྩིས་བྱས་པ་བརྒྱུད། 2019ལོའི་དྭངས་གསལ་དུས་ཚིགས་ཀྱི་གུང་གསེང་རིང་རྒྱལ་ནང་དུ་ཡུལ་སྐོར་བ་མི་ཐེངས་དུང་ཕྱུར1.12ལྷག་སྣེ་ལེན་བྱས་ཤིང་། དེ་དུས་མཉམ་དང་བསྡུར་ན10.9%འཕར་བ་དང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར478.9མངོན་འགྱུར་བྱུང་ལ། དུས་མཉམ་ལས13.7%འཕར་ཡོད། 

1210101859_15546806870521n.jpg

འདི་ནི་ཟླ4པའི་ཚེས7ཉིན་ཡུལ་སྐོར་བས་ཅང་སུའུ་མཛེས་ལྗོངས་ཁུལ་དུ་སྤྲོ་གསེང་ལྟ་སྐོར་བྱེད་བཞིན་པའི་ཚུལ་རེད། 

 གཞི་གྲངས་ལས་མངོན་པ་ལྟར་ན། ད་ལོའི་དྭངས་གསལ་དུས་ཚིགས་ཀྱི་གུང་གསེང་རིང་། གསར་བརྗེའི་བརྗོད་བྱ་གཙོ་བོའི་རིགས་ཀྱི་མཛེས་ལྗོངས་ཁུལ་དུ་སྤ་སེ་ཉོ་ཚད་དུས་མཉམ་ལས55.2%འཕར་ཡོད། གཞན་ཡང་རྟེན་རྫས་བཤམས་མཛོད་ཁང་དང་། ཤུལ་བཞག་རིག་གནས་དང་གྲོང་རྡལ་ཆུང་ངུ་། ཆོས་ལུགས་བྱེད་སྒོ་སྤེལ་ས། དམངས་སྲོལ་ཡུལ་སྲོལ་གོམས་གཤིས་སོགས་ཀྱི་དམངས་སྲོལ་རིག་གནས་ལ་ཡུལ་སྐོར་བས་དགའ་བསུ་ཆེན་པོ་ཐོབ་ཡོད། བརྟག་དཔྱད་བྱས་པ་ལྟར་ན། རྟེན་རྫས་བཤམས་མཛོད་ཁང་དང་། མཛེས་རྩལ་ཁང་། དཔེ་མཛོད་ཁང་། ཚན་རྩལ་ཁང་། ལོ་རྒྱུས་རིག་གནས་ཁྲོམ་གཞུང་བཅས་ལ་ལྟ་སྐོར་དུ་ཡོང་མཁན་སོ་སོར54.33%དང་། 32.36% ། 38.24% ། 37.23% ། 42.91%བཅས་ཟིན་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།