ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱའི་སྟེང་མིང་བཀོད་དེ་བཟོ་བཅོས་བྱས་རྗེས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་ཆ་འཕྲིན་ཡོངས་བསྒྲགས་སྲོལ་ཡིག་ཁྱབ་བསྒྲགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱའི་སྟེང་མིང་བཀོད་དེ། བཟོ་བཅོས་བྱས་རྗེས་ཀྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་ཆ་འཕྲིན་ཡོངས་བསྒྲགས་སྲོལ་ཡིག2019ལོའི་ཟླ་ལྔ་བའི་ཚེས་བཅོ་ལྔ་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་ཁྱབ་བསྒྲགས་བྱས།

ཐེངས་འདིའི་སྲོལ་ཡིག་གི་བཟོ་བཅོས་ཐད་ནས་གཙོ་བོར། གཅིག་ནས་ཡོངས་བསྒྲགས་རྒྱུན་རྣམ་དུ་འགྱུར་བ་རྒྱུན་འཁྱོངས་བྱེད་པ་དང་། ཡོངས་བསྒྲགས་མི་བྱེད་པ་དེ་དམིགས་བསལ་དུ་བརྩི་དགོས་ལ། སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་བྱེད་པའི་ཁྱབ་ཁོངས་གསལ་བོ་བྱས་ནས། རང་འགུལ་གྱིས་ཡོངས་བསྒྲགས་བྱེད་པ་རྒྱ་སྐྱེད་དགོས། གཉིས་ནས་ཡོངས་བསྒྲགས་བྱེད་པར་རེ་ཞུ་བྱེད་པའི་རྒྱུད་རིམ་འཐུས་ཚང་དུ་གཏོང་བ་དང་། རེ་ཞུ་བྱེད་མཁན་དང་འབྲེལ་ཡོད་ཕྱོགས་སོ་སོའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་པ། དེ་དང་མཉམ་དུ་གྲངས་ཉུང་རེ་ཞུ་བྱེད་མཁན་གྱིས་ཚུལ་དང་མི་མཐུན་པའི་སྒོ་ནས་རེ་ཞུ་དབང་ཆ་བཀོལ་སྤྱོད་བྱས་ནས། སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་བྱ་བ་རྒྱུན་ལྡན་ངང་སྤེལ་བར་གནོད་བྱེད་པའི་སྤྱོད་ཚུལ་ཚད་ལྡན་དུ་གཏོང་དགོས། གསུམ་ནས་དམངས་ཕན་ཞབས་ཞུའི་རེ་བ་ཇེ་དྲག་ཏུ་གཏོང་བ་དང་། ཆ་འཕྲིན་ཅན་གྱི་བྱེད་ཐབས་སྤྱོད་པར་ཤུགས་སྣོན་པ་བརྒྱུད་དེ་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་བྱེད་པའི་ཕན་འབྲས་མཐོར་འདེགས་བཏང་སྟེ། སྲིད་གཞུང་ཆ་འཕྲིན་གྱི་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ། དཔལ་འབྱོར་སྤྱི་ཚོགས་བྱ་འགུལ་ཐད་ཀྱི་ཞབས་ཞུའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ་ཅེས་ཕྱོགས་གསུམ་གྱི་ནང་དོན་འདུས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།