ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གིས《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཙུའུ་ཡི་ལས་དོན་སྲོལ་ཡིག》བཀྲམ་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-04-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གིས་བཟོ་བཅོས་བརྒྱབ་རྗེས་ཀྱི《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཙུའུ་ཡི་ལས་དོན་སྲོལ་ཡིག(གཤམ་དུ་《སྲོག་ཡིག》ཅེས་བསྡུ་རྒྱུ)》བཀྲམ་པ་དང་འབྲེལ་བརྡ་ཐོ་བཏང་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དེར་བརྩི་སྲུང་གིས་ལག་བསྟར་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

བརྡ་ཐོའི་ནང2015ལོའི་ཟླ6པར་ཀྲུང་གུང་ཀྲུང་དབྱང་གིས་བཀྲམ་པའི《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཙུའུ་ཡི་ལས་དོན་སྲོལ་ཡིག(ཚོད་ལྟའི་ལག་བསྟར)》ནང་ཏང་ཙུའི་ལས་དོན་ལམ་ལུགས་ཅན་དང་། ཚད་ལྡན་ཅན། གོ་རིམ་ཅན་བཅས་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་བཏོན་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་ནང་ཏང་ཙུའུ་ཡི་འགན་འཁྲི་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་ཏང་ཙུའུ་ཡིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་སྔར་བས་གསལ་སྟོན། ཏང་ཀྲུང་དབྱང་གིས་དུས་བབ་དང་། ལས་འགན། བླང་བྱ་བཅས་གསར་པར་དམིགས་ནས་སྲོལ་ཡིག་ལ་བཟོ་བཅོས་བརྒྱབ་ནས་འཐུས་སྒོ་ཚང་དུ་བཏང་བ་བཅས་བྱས་ཡོད་ཅེས་བསྟན་ཡོད།

བརྡ་ཐོའི་ནང《སྲོལ་ཡིག》གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་ཏང་གི་སྒྲིག་ཡིག་རྩ་བའི་གཞི་འཛིན་སར་བྱས་ཏེ་ད་ཕན་ལོ་ཤས་རིང་གི་ཏང་ཙུའུ་ཡི་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་། ལག་ལེན། ལམ་ལུགས་བཅས་ཀྱི་གསར་གཏོད་གྲུབ་འབྲས་གང་ལེགས་མངོན་པ་དང་། ཏང་ཙུའུ་ཡི་ལས་དོན་གྱི་གནས་ཚུལ་གསར་པ་དང་། གནད་དོན་གསར་པ། བླང་བྱ་གསར་པ་བཅས་ལ་ལན་བཏབ་ནས་ཏང་ཙུའུ་ཡི་ལམ་ལུགས་ཀྱི་རྩ་བ་གཙང་མ་བརྟན་སྲུང་གསར་གཏོད་མངོན་འགྱུར་བྱས་ཡོད་ཅེས་ནན་བཤད་བྱས་ཡོད།

བརྡ་ཐོའི་ནང་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་བརྟན་པོ་བཙུགས་ཏེ《སྲོལ་ཡིག》ལག་བསྟར་དོན་འཁྱོལ་ནན་པོ་བྱས་ནས་ཏང་ཙུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གནས་བབ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་ཁ་ཕྱོགས་སྟངས་འཛིན་དང་། སྤྱི་ཡོངས་དོ་དམ། དོན་འཁྱོལ་འགན་ལེན་བཅས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ཏེ་ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་སྲོག་ཤིང་དུ་འགྱུར་རྒྱུར་འགན་ལེན་བྱེད་དགོས་པ་དང་། ཏང་ཙུའུ་ཡིས་ལས་དོན་སྤེལ་སྐབས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་རྒྱུ་སྔོན་འགྲོར་བྱེད་པ་དང་། རང་འགན་གཙང་སྒྲུབ་ཀྱི་ཆབ་སྲིད་རང་བཞིན་དང་ཕན་འབྲས་རང་བཞིན་མཐོ་རུ་གཏོང་བ། རང་རྟོགས་ངང་ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་སྐྱོང་བྱེད་ཐབས་སྤྱོད་པ། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ། འགོ་ཁྲིད་ཀྱི་འགན་འཁྲི་ལག་བསྟར་ཏན་ཏིག འགོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཧུར་ཐག་བཅས་བྱས་ནས་འགོ་ཁྲིད་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།