ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཧྥ་རན་སི་རྒྱལ་ཁབ་ཀྱི་ཕཱ་རེ་སིའི་རྒྱལ་ཡུམ་ལྷ་ཁང་དུ་མེ་སྐྱོན་བྱུང་བའི་ཐད་ནས་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་ལ་འཚམས་འདྲི་ཞུ་བའི་གློག་འཕྲིན་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ4བའི་ཚེས16ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥ་རན་སི་རྒྱལ་ཁབ་ཀྱི་ཕཱ་རེ་སིའི་རྒྱལ་ཡུམ་ལྷ་ཁང་དུ་མེ་སྐྱོན་བྱུང་བའི་ཐད་ནས་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་ལ་འཚམས་འདྲི་ཞུ་བའི་གློག་འཕྲིན་བཏང་སྟེ་ཧྥ་རན་སིའི་མི་དམངས་ཡོངས་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ཕཱ་རེ་སིའི་རྒྱལ་ཡུམ་ལྷ་ཁང་ནི་ཧྥ་རན་སིའི་དཔལ་ཡོན་གྱི་མཚོན་རྟགས་གལ་ཆེན་ཞིག་ཡིན་པ་དང་མིའི་རིགས་ཀྱི་དཔལ་ཡོན་ལྡན་པའི་ཕུལ་བྱུང་གཅེས་ནོར་ཡང་ཡིན། ཀྲུང་གོ་མི་དམངས་ནི་ཧྥ་རན་སིའི་མི་དམངས་དང་འདྲ་བར་ཐེངས་འདིའི་མེ་སྐྱོན་བྱུང་བར་སྐྱོ་ངལ་ཆེན་པོ་སྐྱེས་བཞིན་ཡོད། ཧྥ་རན་སིའི་མི་དམངས་ཀྱིས་འབད་བརྩོན་བྱེད་པ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱབ་སྐྱོར་བྱས་འོག ཕཱ་རེ་སིའི་རྒྱལ་ཡུམ་ལྷ་ཁང་དེ་སྔར་ལས་ལྷག་པ་ཞིག་ཉམས་གསོ་བྱེད་ཐུབ་པར་བདག་ལ་ཡིད་ཆེས་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།