ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་ཧྲན་ཞི་ཡི་བྱ་བར་རྟོག་ཞིབ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ4བའི་ཚེས14ཉིན་ནས་ཚེས་བཅུ་དྲུག་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཧྲན་ཞི་ཡི་བྱ་བར་རྟོག་ཞིབ་མཛད། ཁོང་གིས་ནན་གྱིས་བསྟན་དོན། ཧྲན་ཞི་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏན་ཏན་ཏིག་ཏིག་ལྔ་ཡི་བླང་བྱ་ལྟར། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱེད་པ་དང་། བཅོས་བསྒྱུར་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གསར་སྐྲུན་བྱས་ནས། ཧུར་ཐག་གིས་རྗེས་སྙེག་ཐོད་བརྒལ་གྱི་ལེའུ་གསར་བ་འབྲི་དགོས་ཟེར།

ཧན་ཀྲིན་ཧྲན་ཞི་ཧྭན་ཝང་སྨན་ལས་ཚད་ཡོད་ཀུང་ཟི་དང་པིས་ཡ་ཏེ་རླངས་འཁོར་ཚད་ཡོད་ཀུང་ཟི། སན་ཞིན་ཀྲུང་གོའི་གློག་འདྲེན་ཕྱེད་གཟུགས་ཚད་ཡོད་ཀུང་ཟི་སོགས་ཁེ་ལས་སུ་ཕེབས་ནས། ཁྲལ་འཁྲི་ཡོན་གཅོག་དང་ཁེ་ལས་ཐོན་སྐྱེད་ཚོང་གཉེར། ཐོན་ལས་འཕེལ་རྒྱས། ལག་རྩལ་གསར་གཏོད་སོགས་གནས་ཚུལ་ལ་ལྟ་ཞིབ་མཛད། ཞི་ཨན་གྲོང་ཁྱེར་ཆུའུ་ཅང་ཁུལ་གསར་ཁྲལ་དོན་ཅུའུ་ཡི་ཁྲལ་སྒྲུབ་ཞབས་ཞུ་ཚོམས་ཆེན་དང་ཁྲལ་འཕྲི་ཡོན་གཅོག་གཞུང་སྒྲུབ་ཁང་དུ། ཧན་ཀྲིན་གྱིས་ལས་བྱེད་པར་འཚམས་འདྲི་བྱས་པ་དང་། དཔྱ་ཁྲལ་རིན་གྲངས་འཕར་སྣོན་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་ཁེ་ལས་ཕྲན་ཆུང་གི་ཀུན་ཕན་རང་བཞིན་གྱི་ཁྲལ་འཕྲི་ཡོན་གཅོག་སྲིད་ཇུས་ལག་བསྟར་བྱེད་པ་སོགས་བྱ་བ་སྤེལ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། ཁེ་ལས་དང་ཁྲལ་དོན་ལས་བྱེད་པའི་འཐུས་ཚབ་པ་དང་བཞུགས་མོལ་མཛད་དེ། བསམ་ཚུལ་དང་གྲོས་གཞི་ལ་ཉན། ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། གཞི་ཁྱོན་ཆེ་བའི་སྒོ་ནས་ཁྲལ་འཕྲི་ཡོན་གཅོག་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ནས། སྲིད་ཇུས་བྱེད་ཐབས་སྣ་ཚོགས་ལག་བསྟར་བཟང་བོ་བྱེད་པ་དང་། ཁེ་ལས་ཁུར་བོ་ཇེ་ཡང་དུ་གཏོང་བ། ཁེ་ལས་ཀྱི་གསོན་ཤུགས་ཆེར་སྐྱེད་དགོས། ཁྲལ་དོན་ཞུབས་ཞུ་ནུས་པ་དང་ཆུ་ཚད་སྔར་ལས་མཐོར་འདེགས་གཏོང་བ་དང་། སྲིད་ཇུས་དྲིལ་སྒྲོག་འགྲེལ་ཀློག་བྱ་བ་བཟང་བོར་བསྒྲུབ་པ། ཁེ་ལས་ཀྱི་བསམ་འཆར་དང་ཞུ་གཏུག་ལ་ཉན་པ། བཅོས་བསྒྱུར་ཁྲོད་འཕྲད་པའི་གནད་དོན་སྣ་ཚོགས་ཐག་བཅད་དེ། ཚོང་རའི་གཙོ་གཞིའི་གདེང་འཇོག་ལ་བརྟེན་ནས་བཅོས་བསྒྱུར་གྱི་གྲུབ་འབྲས་ལ་ལྟ་ཞིབ་རྩིས་ལེན་བྱེད་དགོས། སྤྱི་ཚོགས་ཉེན་ཚབ་འགན་ལེན་དངུལ་ཇེ་དམའ་རུ་གཏོང་བའི་སྲིད་ཇུས་ལག་བསྟར་བཟང་བོ་བྱེད་པ་དང་། སྤྱི་ཚོགས་ཉེན་ཚབ་འགན་ལེན་དངུལ་གཅིག་གྱུར་སྒོས་ཚད་ལྡན་དུ་བསྒྱུར་ནས། སྤྱི་ཚོགས་ཉེན་ཚབ་འགན་ལེན་དངུལ་བསྡུ་བ་དང་དོ་དམ་བྱེད་པའི་འགན་ནུས་བརྟན་བརླིང་ངང་བསྒྱུར་དགོས། ཁྲལ་དོན་ལས་ཁུངས་དང་མི་སྣའི་མཉམ་བསྲེས་གཏིང་ཟབ་ཏུ་སྤེལ་བ་དང་། ནུས་པ་ལྡན་པའི་ཁྲལ་དོན་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་པ། གཞི་རིམ་ཁྲིམས་འཛིན་ཞིབ་བཤེར་སྟོབས་ཤུགས་ལ་ཤུགས་བསྣན་ནས། ཁྲལ་སྐུང་ཁྲལ་བསླུ་ཡི་སྤྱོད་ཚུལ་ལ་རྡུང་རྡེག་ནན་མོ་བྱེད་དགོས་ཟེར།

དེའི་རྗེས་ཧན་ཀྲིན་ཧན་ཀྲུང་གྲོང་ཁྱེར་ཝུའུ་ཞང་ནགས་རའི་དོ་སྲུང་ས་ཚིགས་དང་ནགས་ལས་སྤྱི་བདེ་མངག་གཏོང་ཁང་དུ་ཕེབས་ནས། ནགས་ལས་སྲུང་སྐྱོབ་དང་རྒྱལ་དབང་ནགས་རའི་བཅོས་བསྒྱུར་ལ་ལྟ་ཞིབ་མཛད་པ་དང་། ནགས་ལས་ཁྲིམས་འཛིན་དང་ཚད་ལྡན་ཅན་འཛུགས་སྐྲུན་གནས་ཚུལ་ལ་རྒྱུས་ལོན་བྱས་པ་མ་ཟད། བཞུགས་མོལ་ཚོགས་འདུ་བསྡུས་ཏེ། ནགས་ལས་འཕེལ་རྒྱས་ཐད་ནས་ས་གནས་སྲིད་གཞུང་དང་གཞི་རིམ་ནགས་ལས་བྱ་བ་སྒྲུབ་མཁན་གྱི་བསམ་འཆར་ལ་ཉན། ཧན་ཀྲིན་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་བྱས་ནས། ནགས་ཁུལ་དུ་བྱ་བ་བསྒྲུབ་བཞིན་པའི་ནགས་ལས་ལས་བྱེད་པ་དང་ནགས་ཚལ་སྤྱི་བདེ་ཉེན་རྟོག་པར་འཚམས་འདྲི་མཛད། ཧན་ཀྲིན་ད་དུང་ཞི་ཨན་རྒྱལ་སྤྱིའི་གྲུ་ཁའི་ལས་དོན་ཁུལ་འཆར་འགོད་འགྲེམ་སྟོན་ཁང་དུ་ཕེབས་ནས། རྒྱུད་གཅིག་ལམ་གཅིག་གི་ནང་ལོགས་རང་བཞིན་གྱི་རྒྱལ་སྤྱིའི་བརྒྱུད་སྐྱེལ་ལྟེ་བ་འཛུགས་སྐྲུན་གནས་ཚུལ་ལ་ལྟ་ཞིབ་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།