ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་པཱ་ཞིའི་ཙུང་ཐུང་གཞོན་པར་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124539005_15587000497191n.jpg

ཟླ་བཞི་བའི་ཚེས་ཉེར་བཞི་ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་པ་ཞིའི་ཙུང་ཐུང་གཞོན་པ་མོ་ལང་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚེས་ཉེར་བཞི་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་པ་ཞིའི་ཙུང་ཐུང་གཞོན་པ་མོ་ལང་ལ་མཇལ་འཕྲད་གནང་།

ཝང་དབྱང་གིས་བསྟན་དོན། ཀྲུང་གོས་ནམ་ཡང་ཀྲུང་གོ་དང་པ་ཞིའི་འབྲེལ་བ་དེ་ཀྲུང་གོའི་ཕྱི་འབྲེལ་གྱི་གོ་གནས་གཙོ་བོ་རུ་འཇོག་པ་དང་། པ་ཞིའི་སྲིད་གཞུང་གསར་བས་ཀྲུང་གོ་དང་པ་ཞིའི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་ཤུགས་སྣོན་པར་དོ་སྣང་བྱེད་པའི་ཐད་ཀྱི་དངོས་གཉེར་རྣམ་འགྱུར་ལ་གཟེངས་བསྟོད་མཐོན་པོ་བྱེད་ཀྱིན་ཡོད། ཉེ་བའི་ལོ་འགའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་མི་སྣའི་སྣེ་ཁྲིད་འོག ཀྲུང་གོ་དང་པ་ཞི་གཉིས་ཁེ་ཕན་མཉམ་བསྲེས་ཀྱི་ཐུན་མོང་ཚོགས་པ་ཡིན་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས། ཀྲུང་གོས་པ་ཞི་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཁྲོད་ཞུགས་པར་དགའ་བསུ་ཞུ་བཞིན་ཡོད་པ་དང་། མཉམ་ལས་རྐྱེན་སྲོལ་སྣ་ཚོགས་བརྒྱུད་དེ་བརྗེ་རེས་ལ་ཤུགས་བསྣོན་པ་དང་། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། སྔ་སྐྱོང་རྒྱུན་འཛིན་གྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

མོ་ལང་གིས་བསྟན་དོན། པ་ཞིའི་སྲིད་གཞུང་གསར་བས་ཀྲུང་གོའི་བར་གྱི་འབྲེལ་བ་གཏིང་ཟབ་ཏུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཕན་ཚུན་ཡིད་རྟོན་དང་ཕན་ཚུན་ལ་ཕན་ཁེ་བསྐྲུན་པའི་རྨང་གཞིའི་སྟེང་། རྒྱུད་གཅིག་ལམ་གཅིག་གྲོས་གཞི་དང་པ་ཞིའི་འཕེལ་རྒྱས་འཆར་གཞི་སྦྲེལ་མཐུད་བྱེད་པར་ཤུགས་བསྣན་ནས། ཕྱོགས་གཉིས་ཀྱི་ཉོ་ཚོང་དང་དངུལ་གཏོང་། རྨང་གཞི་སྒྲིག་ཆས། མཁའ་འགྲུལ་བཟོ་སྐྲུན་ལས་རིགས་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་ཤུགས་ཆེན་པོའི་སྤེལ་འདོད་ཡོད་ཟེར།

ཞ་པོ་ལུང་མཇལ་འཕྲད་ལ་ཞུགས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།