ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཡིས་ཧང་ག་རི་ལ་དངོས་གཞིའི་འཚམས་འདྲི་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124538424_15586992013511n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ལྔ་བའི་ཚེས་ཉེར་གཅིག་ཉིན་ནས་ཚེས་ཉེར་གསུམ་ཉིན་བར། ཧང་ག་རི་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཁི་ཝེ་ཨེར་གྱིས་གདན་ཞུ་གནང་བ་ལྟར། རྒྱལ་ཡོངས་དམངས་འཐུས་ཚོསག་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཧང་ག་རི་ལ་དངོས་གཞིའི་མཛའ་མཐུན་འཚམས་འདྲི་མཛད་པ་མ་ཟད། པུའུ་ཏ་ཕེ་སི་ནས་ཙུང་ཐུང་ཨ་ཏེ་ཨེར་དང་ཙུང་ལི་ཨོ་ཨེར་པན་ལ་མཇལ་འཕྲད་གནང་བ་དང་། ཁི་ཝེ་ཨེར་དང་གྲོས་མོལ་མཛད།

ཧང་ག་རི་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཁི་ཝེ་ཨེར་གྱིས་གདན་ཞུ་གནང་བ་ལྟར། རྒྱལ་ཡོངས་དམངས་འཐུས་ཚོསག་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཚེས་ཉེར་གཅིག་ཉིན་ནས་ཚེས་ཉེར་གསུམ་ཉིན་བར་ཧང་ག་རི་ལ་དངོས་གཞིའི་མཛའ་བརྩེའི་འཚམས་འདྲི་མཛད་པ་མ་ཟད། པུའུ་ཏ་ཕེ་སི་ནས་ཙུང་ཐུང་ཨ་ཏེ་ཨེར་དང་ཙུང་ལི་ཨོ་ཨེར་པན་ལ་མཇལ་འཕྲད་གནང་བ་དང་། ཁི་ཝེ་ཨེར་དང་གྲོས་མོལ་མཛད།

ཨ་ཏེ་ཨེར་ལ་མཇལ་འཕྲད་གནང་སྐབས། ལིས་ཀྲན་ཧྲུའུ་ཡིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕིང་གི་འཚམས་འདྲི་བརྒྱུད་སྒྲོག་བྱས། ལིས་ཀྲན་ཧྲུའུ་ཡིས་གསུང་རྒྱུར། ད་ལོ་ནི་ཀྲུང་གོ་དང་ཧང་ག་རི་བར་འབྲེལ་བ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པའི་ལོ་ཡིན་ལ། ཕྱོགས་གཉིས་ཀྱིས་དེ་གོ་སྐབས་སུ་བརྩིས་ནས། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་མི་སྣའི་བར་བྱུང་བའི་ཐུན་མོང་གི་ལྟ་བ་གལ་ཆེན་ལག་བསྟར་ནན་མོ་བྱེད་པ་དང་། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་རྒྱ་སྐྱེད་དགོས་ཟེར། ལིས་ཀྲན་ཧྲུའུ་ཡིས་གསུང་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་བྱེད་པ་དང་ལྗང་མདོག་ཐན་ཉུང་གི་རྒྱུན་མཐུད་འཕེལ་རྒྱས་སོགས་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་གསར་བ་དང་བསམ་བློ་གསར་བ་བཏོན་ནས། ཀྲུང་གོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ནས་ལོ་རྒྱུས་རང་བཞིན་དང་དཀྱོགས་མཚམས་རང་བཞིན། སྤྱི་ཡོངས་རང་བཞིན་གྱི་འགྱུར་ལྡོག་བྱུང་བར་སྣེ་ཁྲིད་བྱས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་ཐད་ནས་རྒྱལ་ཁབ་སོ་སོས་སྐྱིད་སྡུག་མཉམ་མྱོང་དང་མཉམ་དུ་འབད་འཐབ་བྱས་ཏེ། དྭངས་གཙང་མཛེས་སྡུག་གི་འཛམ་གླིང་མཉམ་འཛུགས་བྱེད་དགོས་ཟེར། ཨ་ཏེ་ཨེར་གྱིས་བསྟན་དོན། ཧང་ག་རི་ཡིས་ཀྲུང་གོ་འཐབ་ཇུས་མཉམ་ལས་གྲོགས་པོ་གལ་ཆེན་དུ་བརྩི་བ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་གནས་བབ་ཧ་ཅང་བཟང་། ཧང་ག་རི་དང་ཀྲུང་གོ་ཡིས་ཆུའི་བཙོག་བཟོ་འགོག་བཅོས་དང་ཆུའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་སོགས་ཕྱོགས་ནས་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཟེར།

ཨོ་ཨེར་པན་ལ་མཇལ་འཕྲད་གནང་སྐབས། ལིས་ཀྲན་ཧྲུའུ་ཡིས་གསུང་རྒྱུར། ཧང་ག་རི་ཕྱོགས་ཀྱིས་ཤར་ཕྱོགས་སུ་སྒོ་འབྱེད་བྱེད་པའི་སྲིད་ཇུས་དང་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་གྲོས་གཞི་གཉིས་ཧ་ཅང་མཐུན་པ་དང་། ཕྱོགས་གཉིས་ཀྱིས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་བསྣོན་པ། དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་། ཚན་རྩལ། ཞིང་ལས། མཉམ་འབྲེལ་མཉམ་མཐུད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྦས་ཤུགས་སྔོག་འདོན་བྱེད་དགོས་ཟེར། ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། ཕྱོགས་མང་རིང་ལུགས་དང་རང་དབང་ཉོ་ཚོང་ལ་སྲུང་སྐྱོབ་བྱེད་རྒྱུ་ནི་འཛམ་གླིང་གི་རྒྱལ་ཁང་མང་ཆེ་བའི་ཐུན་མོང་གི་ལྟ་བ་ཡིན། ཀྲུང་གོས་བསམ་གཟས་ནས་ཉོ་ཚོང་བར་ཆད་འཚོལ་སྙེག་མི་བྱེད་པ་དང་། ཕན་ཚུན་ལ་བརྩི་འཇོག་བྱེད་པ་དང་འདྲ་མཉམ་གཉིས་ཕན་གྱི་རྨང་གཞིའི་སྟེང་གྲོས་ཞིབ་བརྒྱུད་དེ་རྒྱལ་ཁབ་བར་གནས་བའི་ཉོ་ཚོང་འགལ་བ་ཐག་གཅོད་པ། རྒྱལ་སྤྱིའི་ཉོ་ཚོང་གི་རྩ་དོན་རྒྱུན་འཁྱོངས་བྱེད་པའི་སྔོན་འགྲོ་འོག ཕྱོགས་གཉིས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པའི་ཞོར་དུ། མཐོང་ཆུང་མི་བྱེད་པའི་རྩ་དོན་མཚོན་པར་བྱས་ནས། ཕྱོགས་སོ་སོའི་འདྲ་མཉམ་ལ་གཅིག་གྱུར་བསམ་གཞིགས་གཏོང་དགོས་ཟེར། ཨོ་ཨེར་པན་གྱིས་བསྟན་དོན། ཧང་ག་རི་ཡིས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་མ་ཟད་དེའི་ཁྲོད་ཞུགས་པ་དང་། ཀྲུང་གོ་དང་མཉམ་དུ་རང་དབང་ཉོ་ཚོང་སྒྲིག་གཞི་ལ་སྲུང་སྐྱོབ་བྱས་ཏེ། ཡོ་རོབ་གླིང་དང་ཡ་གླིང་གི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།

ཁི་ཝེ་ཨེར་དང་གྲོས་མོལ་མཛད་སྐབས། ལིས་ཀྲན་ཧྲུའུ་ཡིས་གསུང་རྒྱུར། ཀྲུང་གོའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་ཧང་ག་རི་རྒྱལ་ཚོགས་བར་གྱི་མཛའ་བརྩེའི་འགྲོ་འོང་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་པ་དང་། ཕྱོགས་གཉིས་ཀྱི་མཉམ་ལས་ཀྱི་ཁྲིམས་སྐྱོང་ཁོར་ཡུག་ལེགས་བསྒྱུར་བྱས་ཏེ། རིག་གནས་དང་སློབ་གསོ། གནས་སྐོར། ལུས་རྩལ་སོགས་ཕྱོགས་ཀྱི་བརྗེ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར། ལིས་ཀྲན་ཧྲུའུ་ཡིས་གསུང་རྒྱུར། རྒྱལ་ཁབ་གཅིག་གིས་གདམ་གསེས་བྱས་པའི་བགྲོད་ལམ་དང་ལམ་ལུགས་བཟང་ངན་གྱི་གནད་འགག་ནི་རྒྱལ་ཁབ་ཀྱི་རྒྱུན་མཐུད་གཏན་འཇགས་འཕེལ་རྒྱས་མངོན་འགྱུར་བྱེད་ཐུབ་མིན་དང་། དམངས་ཚིས་བདེ་སྐྱིད་ཇེ་དྲག་ཏུ་གཏོང་ཐུབ་མིན། མིའི་རིགས་ཀྱི་དཔལ་ཡོན་དང་སྤྱི་ཚོགས་ཡར་ཐོན་ལ་སྐུལ་འདེད་གཏོང་ཐུབ་མིན་ལ་བལྟ་དགོས། ང་ཚོ་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་དུ་བསྐྱོད་པ་དང་། དེ་དང་མཉམ་དུ་རྒྱལ་ཁབ་སོ་སོ་རང་ཚུགས་རང་བདག་སྒོས་རྒྱལ་ཁབ་ཀྱི་གནས་ཚུལ་དངོས་དང་མཐུན་པའི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་པར་བརྩི་མཐོང་དང་རྒྱབ་སྐྱོར་བྱེད་དགོས་ཟེར།

ལིས་ཀྲན་ཧྲུའུ་ཀྲུང་གོ་དང་ཧང་ག་རི་བར་འབྲེལ་བ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པའི་ཞིབ་སྡུར་གྲོས་ཚོགས་ཀྱི་འགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་གསུང་བཤད་གནང་།

ལིས་ཀྲན་ཧྲུའུ་ཡིས་ད་དུང་ཧང་ག་རིའི་སྐད་གཉིས་སློབ་གྲྭ་དང་དཔའ་ཝེ་ཀུང་ཟིའི་ཡོ་རོབ་གླིང་གི་འདོན་སྤྲོད་ལྟེ་གནས། ཀྲུང་གོ་དང་ཡོ་རོབ་གླིང་གི་ཉོ་ཚོང་དངོས་ཟོག་སྐྱེལ་འདྲེན་མཉམ་ལས་ར་བའི་ཁུལ་བཅས་སུ་ལྟ་ཞིབ་མཛད་པ་མ་ཟད། ཧང་ག་རིའི་མི་རིགས་དཔའ་བོའི་རྗེས་དྲན་རྡོ་རིང་ལ་མེ་ཏོག་ཕུལ། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།