ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་ཀྱིས་སྲིད་ཇུས་དང་བྱེད་ཐབས་གལ་ཆེན་དོན་འཁྱོལ་ཐད་དངོས་འཛིན་དངོས་སྒྲུབ་དང་ཕན་འབྲས་མངོན་གསལ་དོད་པོའི་ས་གནས་ལ་ལྟ་བཤེར་སྐུལ་ལྕག་བྱས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-05-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་བརྡ་ཁྱབ་བཀྲམ་ནས་2018ལོར་འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ཡག་པོ་རྒྱག་པ་དང་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར། “གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་ཟབ་གཏོང་། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ནང་མཁོ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ཆུ་ཚད་མཐོ་བའི་སྒོ་དབྱེར་སྐུལ་འདེད་གཏོང་བ། དམངས་འཚོ་འགན་ལེན་དང་ལེགས་བཅོས་སོགས་ཀྱི་འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་གལ་ཆེན་དོན་འཁྱོལ་ཐད་དངོས་འཛིན་དངོས་སྒྲུབ་དང་ཕན་འབྲས་མངོན་གསལ་དོད་པོའི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)24དང་། གྲོང་ཁྱེར(ཀྲོའུ)80 རྫོང(གྲོང་ཁྱེར། ཆུས། ཆི)120སོགས་ལ་ལྟ་བཤེར་སྐུལ་ལྕག་བྱས་པ་དང་འབྲེལ་བྱ་དགའ་དང་རྒྱབ་སྐྱོར་གྱི་བྱེད་ཐབས་ཁག་30སྤྱད་པ་རེད།

འདི་ནི་གསར་འགོད་པས་ཚེས23ཉིན་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་ཇུས་འཆར་ཅན་བརྡ་གཏོང་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བ་ཞིག་རེད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་གསར་འགྱུར་མགྲིན་ཚབ་པ་ཧུའུ་ཁའེ་ཧུང་གིས་ལྟ་བཤེར་སྐུལ་ལྕག་གི་ཕུགས་ཕན་ལམ་སྲོལ་བཙུགས་ཚུན། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་ལོ་3བསྟུད་མར་ལྟ་བཤེར་སྐུལ་ལྕག་ལས་དོན་སྤེལ་ནས་ལོ་ལྟར་འབྲེལ་ཡོད་ལས་དོན་གྱི་ཕན་འབྲས་མངོན་གསལ་དོད་པའི་ས་གནས་200ལྷག་ཙམ་ལ་བསྔགས་བརྗོད་དང་གཙོ་གནད་ཐོག་ལྟ་བཤེར་སྐུལ་ལྕག་བྱས་པ་རེད། འདི་ལོ་འབྲེལ་ཡོད་སྡེ་ཚན་གྱིས་སྔར་ཡོད་ཀྱི་སྐུལ་ལྕག་བྱེད་ཤུགས་ཆུང་དུ་མི་གཏོང་བའི་རྨང་གཞིའི་ཐོག་མ་དངུལ་དང་ས་སྤྱོད་འཆར་གཞིའི་དམིགས་ཚད་སོགས་ནས་བྱ་དགའ་སྤྲོད་ཤུགས་ཆེ་རུ་བཏང་བ་དང་འབྲེལ་སྐུལ་ལྕག་བྱེད་ཐབས་ཀྱི་ནང་དོན་སྔར་བས་མང་དུ་བཏང་བ་དང་ཆབས་ཅིག མིང་ཐོའི་དཔེ་མཚོན་རང་བཞིན་དང་མཚོན་བྱེད་རང་བཞིན་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་གཞི་རིམ་ལ་གཟིགས་སྐྱོང་བྱེད་པའི་རྩ་དོན་མུ་མཐུད་མངོན་པར་བྱས་ཡོད། འདི་ལོའི་ལྟ་བཤེར་སྐུལ་ལྕག་ལས་དོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་སྤྱི་འདོམས་མཐུན་སྦྱོར་བྱས་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་ལྟ་བཤེར་ཁང་གིས་འགན་འཁྲི་ཞིབ་ཕྲ་ཁུར་བ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཚན་20སྒྲིག་འཛུགས་ལག་བསྟར་ནང་ཞུགས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།